དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལྷ་སའི་རིག་གནས་ཀུན་ཕན་ཁང”གི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-11

    འདི་ནི“ལྷ་སའི་རིག་གནས་ཀུན་ཕན་ཁང”གི་དུས་ཐེངས་དང་པོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི“ལྷ་སའི་རིག་གནས་ཀུན་ཕན་ཁང”གི་དུས་ཐེངས་དང་པོའི་བྱེད་སྒོ་ལྷ་སར་སྤེལ་བ་རེད། བྱེད་སྒོ་དེས“དེང་གི་ང་ཚོར་དོན་སྙིང་ལྡན་པའི་འཚོ་བ་གང་ཞིག་དགོས་སམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ས་གནས་དེ་གའི་ནང་དོན་གསར་རྩོམ་མཁན་དང་མཁས་དབང་ལྔ་གདན་དྲངས་ཏེ་གྲལ་སྒོར་གླེང་མོལ་བྱས་ནས་དྲ་བའི་དུས་རབས་ཀྱི་ནང་དོན་གསར་རྩོམ་གྱི་དཀའ་ངལ་དང་མདུན་ལམ་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལྷ་སའི་རིག་གནས་ཀུན་ཕན་ཁང”གི་རིམ་སྤེལ་བྱེད་སྒོ་དེ་ལྷ་སའི་རིག་གནས་ཡུལ་སྐོར་དམངས་ཕན་གསར་གཏོད་ཀྱི་གཞི་རྟེན་གལ་ཆེན་ཡིན་པའི་ངོས་ནས་སླད་ཕྱིན་སྲིད་གཞུང་གི་ཁྲིད་སྟོན་ནུས་པ་རྒྱུན་མཐུད་ངང་བཏོན་ཏེ་རིག་གནས་སྒྲིག་གཞི་དང་། ཁེ་ལས། སྤྱི་ཚོགས་རྩ་འཛུགས། རང་ཚུགས་གསར་རྩོམ་པ་བཅས་དང་མཉམ་འགུལ་རྒྱ་ཁྱབ་བྱས་ནས། སྒོ་དབྱེའི་བར་མཐོངས་འབྲེལ་ཐག་ཏུ་བྱས་ཏེ་གསར་རྩོམ་པ་དང་སྤྱི་དམངས་དབར་རྒྱུན་རྣམ་ཅན་གྱི་མཉམ་འགུལ་ལས་སྟེགས་བསྐྲུན་པ་དང་། རིག་གནས་དང་། སྒྱུ་རྩལ། སྤྱི་པའི་འཚོ་བ་བཅས་སྣ་མང་མཉམ་འདྲེས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་གྲོང་མིར་རང་གི་ཉེ་འཁོར་དུ་བསམ་བློ་སྤེལ་རེས་དང་མཛེས་དཔྱོད་མཐོ་རུ་གཏོང་བའི་བར་མཐོངས་མཁོ་འདོན་གྱིས་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་ས་གནས་དེ་གའི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།