དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་150ལྷག་ཙམ་གཏོང་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-11

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་རྨང་གཞིའི་ལེ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ལེགས་སུ་གཏོང་བ། ཡུལ་སྐོར་རིག་གནས་ཀྱི་རྣམ་པ་ཟབ་མོ་གཏོད་པ་བཅས་ཕྱོགས་བཞི་ནས་གཙོ་གནད་ཐོག་ཤུགས་བརྒྱབ་སྟེ། རིག་གནས་ཡུལ་སྐོར་རྣམ་གྲངས་80ཇུས་འགོད་བྱེད་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་150ལྷག་ཙམ་གཏོང་རྩིས་ཡོད་ཅིང་། རྒྱལ་ཡོངས་ཙམ་མ་ཟད་ཐ་ན་གོ་ལ་ཧྲིལ་པོའི་ཡུལ་སྐོར་བ“མི་ཚེ་འདིར་ཡིན་ཅིག་ཐེངས་གཅིག་ཡོང་དགོས་པ་དང་། ཡོང་ནས་ཀྱང་ད་དུང་ཡོང་བསམ་པའི”རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དམིགས་ས་ཧུར་ཐག་གཏོད་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལྷ་སའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྟེ་བའི་དམིགས་ཡུལ་ནི་ཡུལ་སྐོར་བར་ཡུལ་སྐོར་ཉམས་ལེན་དེ་བས་ལེགས་པ་བྱུང་བ་མ་ཟད། གྲོང་མིར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཐད་ཀར་ཚོར་དུ་འཇུག་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།