ལོ་སྟོད་དུ་རྒྱལ་ཁབ་ལྕགས་ལམ་ནས་དངོས་ཟོག་ཏུན་དུང་ཕྱུར་20.15དབོར་འདྲེན་བྱས་པ།
དུས་མཚུངས་ལས་1.8%འཕར་བ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རྒྱལ་ཁབ་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་20.15དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་1.8%འཕར་བ་དང་། རྡོ་སོལ་ཏུན་དུང་ཕྱུར་10.51དབོར་འདྲེན་བྱས་པའི་ནང་གློག་འདོན་རྡོ་སོལ་ཏུན་དུང་ཕྱུར་7.01ཟིན་པ་དང་། རྒྱལ་ཡོངས་ལྕགས་ལམ་ནས་ཐད་ཀར་མཁོ་སྤྲོད་འགན་ལེན་བྱེད་པའི་གློག་ཁང་དུ་རྡོ་སོལ་གསོག་ཚད་ཅུང་མང་པོ་རྒྱུན་འཁྱོངས་ཐུབ་ཡོད།
ད་ལོ་ཚུན་དུ། རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལྕགས་ལམ་ཟོག་འགྲེམས་སྡེབ་འགན་གཙང་ལེན་འཕེལ་རྒྱས་ཤུགས་ཆེན་བཏང་བས། ལོ་སྟོད་དུ་རིམ་རྩིས་བརྒྱབ་ན་ཟོག་འགྲུལ་འགན་སྤྱི་གཙང་ལེན་གྱི་གན་རྒྱ་1437བཞག་པ་དང་། གན་རྒྱ་ལྟར་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་11.94ཟིན་ནས་མཁོ་མཁན་གྱི་མ་གནས་དམའ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་རམ་འདེགས་བྱས་ཡོད།
ལྕགས་ལམ་དང་ཆུ་ལམ་མཉམ་འདྲེན་གྱི“གསལ་ཐོ་གཅིག”གི་ཐོན་རྫས་གསར་གཏོད་ངང་བཏོན་པས། ལོ་སྟོད་དུ་རྒྱལ་ཁབ་ཀྱི་ལྕགས་ལམ་དང་ཆུ་ལམ་མཉམ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་912ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་11%འཕར་བ་དང་། “གསལ་ཐོ་གཅིག”གི་ཐོན་རྫས་རིམ་རྩིས་བརྒྱབ་ན་ཚང་ཐོ་ཚད་ལྡན་དོས་སྒམ་ཁྲི་5.9སྔོན་མངགས་བྱས་ཡོད། ལྕགས་ལམ་དང་གཞུང་ལམ་མཉམ་འདྲེན་གྱི་དྲ་ཚོང་ལས་སྟེགས་བསྐྲུན་ནས། སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་དང་། སྐྱེལ་འདྲེན་རླངས་འཁོར་དང་ཟོག་འདྲེན་ཁ་ལོ་བ་གཅིག་སྡུད། ལྕགས་ལམ་སྣེ་གཉིས་ཀྱི་ལམ་ཐུང་སྐྱེལ་འདྲེན་ནུས་པ་ཡོངས་བསྒྲགས་ངང་འོས་སྐུལ་ཉོ་སྒྲུབ་བཅས་ལ་སྐུལ་འདེད་བཏང་བས། ལོ་སྟོད་དུ་ལྕགས་ལམ་མ་ལམ་ནས་སྐྱེལ་འདྲེན་གཙོ་བོར་བྱེད་པའི་ལམ་ཧྲིལ་པོའི་ཟོག་འགྲེམས་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་2.43ཟིན་པ་དེ་དུས་མཚུངས་ལས་87.9%འཕར་ཡོད།
ལྕགས་ལམ་སྡེ་ཚན་གྱིས་ད་དུང“འགྲུལ་སྐྱེལ་རྣམ་པའི”མྱུར་བགྲོད་མེ་འཁོར་ཞིབ་ཚགས་བཏོད་ཅིང་། ལོ་སྟོད་དུ་རིམ་རྩིས་བརྒྱབ་ན་ཅུས་ཀྱི་དོ་དམ་ཁྱབ་ཁོངས་ལས་བརྒལ་བའི་ཟོག་འདྲེན་དུས་གཏན་མེ་འཁོར་ཁྲི་3.58བཏང་བ་དང་དངོས་ཟོག་ཏུན་ཁྲི་3856དབོར་ཡོད། དེའི་ནང་ཀྲུང་ཡོའི་དུས་གཏན་མེ་འཁོར་11178བཏང་བ་དེ་དུས་མཚུངས་ལས་20%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།