2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་འཚོགས་པ།
ཚེས་6ཉིན། 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུ་དེ་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པའི་ཀྲུང་གོ་ཕྱོགས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཚོགས་པས་གཙོ་སྐྱོང་བྱས་པ་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་སྒྲིག་གཞིའི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་སྒྲོན་ཞིང་། ཁོང་གིས་མིག་སྔར་ཚོང་ལས་ཀྱི་ཁོར་ཡུག་སྔར་བས་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ས་འབྲེལ་ཆབ་སྲིད་ཀྱི་ངེས་གཏན་མེད་པའི་རང་བཞིན་གྱིས་མུ་མཐུད་ཚོང་ལས་ཐབས་ཇུས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བཟོ་ཚོང་ལས་རིགས་ཀྱི་འགག་རྩའི་ནུས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་འབྲེལ་ཕྱོགས་ཁག་དང་མཉམ་དུ་ཧྲེན་ཀྲེན་དུ་བསྐྱོད་དེ་ལག་གདང་སྦྲེལ་ནས་ཁུལ་ཁོངས་ཐུན་མོང་ཐོག་དར་རྒྱས་ཡོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ད་ཐེངས་ཀྱི་ཚོགས་འདུའི་དུས་ཡུན་ཉིན་4ཡིན་ཞིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱིས་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་། ཕན་ཚུན་སྦྲེལ་མཐུད། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། གྲངས་འཛིན་གསར་གཏོད་སོགས་ཀྱི་གྲོས་འགོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཡོད། དེ་དང་ཆབས་ཅིག་ཚོགས་འདུའི་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།