“སྟག་མཆོང་རུ་ཁག་གི་མཛའ་གྲོགས་ཕོ་ཉ་སྟེ་ཨ་རིའི་གཞོན་ནུ་ལོ་ཆུང་ཧུའུ་པེར་སྐྱོད་པའི”བྱེད་སྒོ་སྤེལ་བ།
ཉིན་ཤས་གོང་། “སྟག་མཆོང་རུ་ཁག་གི་མཛའ་གྲོགས་ཕོ་ཉ་སྟེ་ཨ་རིའི་གཞོན་ནུ་ལོ་ཆུང་ཧུའུ་པེར་སྐྱོད་པའི”བྱེད་སྒོ་ཧུའུ་པེའི་ཝུའུ་ཧན་དུ་སྤེལ་བ་རེད། བྱེད་སྒོ་དེས“སྟག་མཆོང་མཛའ་གྲོགས་རྒྱུན་འཛིན་བྱེད། དུས་རབས་གྲོགས་བཟང་ཧུར་ཐག་སྒྲིག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱིས་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ཀྱི་རྗེས་རབས་པ་ཁག་གཅིག་དང་ཨ་རིའི་སྟག་མཆོང་རུ་ཁག་མཛའ་གྲོགས་སློབ་གྲྭའི་དགེ་སློབ་སྒྲིག་འཛུགས་བྱས་ཏེ་ཧུའུ་པེར་ཡོང་ཞིང་། ས་གནས་ས་ཐོག་ཏུ་ལྟ་སྐོར་བཅར་འདྲི་དང་། གཞོན་ནུའི་འགོ་འཛིན་དབར་གླེང་མོལ། རིག་གནས་ཉམས་ལེན་དང་སྤེལ་རེས་སོགས་བྱས་ཏེ། ཀྲུང་ཨའི་མཛའ་མཐུན་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་བཤད་ནས་ཀྲུང་ཨའི་མི་དམངས་དབར་གྱི་མཛའ་མཐུན་གཅིག་རྒྱུན་གཅིག་འཛིན་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།
ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་འཚོགས་པའི“2026ལོའི་སྟག་མཆོང་རུ་ཁག་གི་གཞོན་ནུའི་འགོ་གཙོའི་གླེང་མོལ་ཚོགས་འདུའི”ཐོག་ཀྲུང་གོ་དང་ཨ་རི་མི་དམངས་ཀྱི་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧོང་ཕིང་གིས། ལོ་80ལྷག་ཙམ་གྱི་གོང་དུ་ཧྥ་ཤི་སིས་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་པའི་སྐབས་སུ་དམག་སྤྱི་ཁྲེན་ནཱ་ཏེ་ཡིས་སྟག་མཆོང་རུ་ཁག་གི་སྣེ་ཁྲིད་དེ་ཀྲུང་གོར་རོགས་སྐྱོར་བྱས་ནས། ཀྲུང་གོའི་དམག་དམངས་དང་མཉམ་དུ་རི་པིན་བཙན་འཛུལ་པར་འགོག་རྒོལ་བྱས་ཡོད། “ཚེ་སྲོག་བློས་གཏོང་བྱས་པའི་བརྩེ་སེམས་ཟབ་མོ་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ལམ་ལུགས་ཀྱི་ཁྱད་པར་ལས་རྦད་དེ་བརྒལ་བ་དང་ལེ་དབར་ཁྲིའི་རི་མཚོ་བརྒལ་ཏེ་དྲང་བདེན་དང་ཞི་བདེའི་ཆེད་མཉམ་དུ་དམག་འཐབ་བྱེད་ཐུབ་པ་ང་ཚོར་གསལ་བཤད་བྱས་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།