དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་དང་ཧ་སག་སི་ཐན(ལན་ཡུན་ཀང)གྱི་ཟོག་འགྲུལ་མཉམ་ལས་རྟེན་གཞིའི་ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)ཀྱི་དུས་གཏན་མེ་འཁོར་གཏོང་ཐེངས་8000ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-10

    ཟླ་7ཚེས་6ཉིན། རླངས་འཁོར་གྱི་ལྷུ་ལག་བྱུར་བུར་བླུགས་པའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཞིག་ཀྲུང་གོ་དང་ཧ་སག་སི་ཐན(ལན་ཡུན་ཀང)གྱི་ཟོག་འགྲུལ་མཉམ་ལས་རྟེན་གཞི་ནས་ཐོན་ཏེ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཨ་པུའུ་ལེ་ཁེར་བསྐྱོད་པ་ནི་རྟེན་གཞི་ལས་གཉེར་བྱེད་འགོ་ཚུགས་ནས་ལོ་12སོང་རིང་དངོས་ཟོག་འདོན་འཇུག་གི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གཏོང་ཐེངས་8000པ་དེ་རེད། ནན་ཅིང་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ལོ་སྟོད་དུ་ཀྲུང་གོ་དང་ཧ་སག་སི་ཐན(ལན་ཡུན་ཀང)གྱི་ཟོག་འགྲུལ་མཉམ་ལས་རྟེན་གཞིས་རིམ་རྩིས་བརྒྱབ་ན་ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)ཀྱི་དུས་གཏན་མེ་འཁོར་485བཏང་བ་དེ་དུས་མཚུངས་ལས་3.8%འཕར་བ་དང་། དེའི་ནང་ཟླ་དྲུག་པ་ཁོ་ནར་གཏོང་ཐེངས་100ལས་ཐེངས་དང་པོ་བརྒལ་ནས་ཟླ་རེའི་གཏོང་ཐེངས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅིང་། འདི་ནི་རྟེན་གཞི་དེའི་དུས་གཏན་མེ་འཁོར་གྱི་འདོན་འཇུག་ལས་སྒྲུབ་ཁུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།