དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་ཐད་སླར་ཡང་གྲུབ་འབྲས་གསར་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-10

     མཚོ་སྔོན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་7ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པར་སྐུལ་འདེད་གཏིང་ཟབ་བཏང་བས་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས། གྲགས་ཅན་དང་། དམིགས་བསལ། སྤུས་ལེགས། དཔེ་གསར་བཅས་ཀྱི་ཞིང་ལས་ཐོན་རྫས་བཅས་ཀྱི་གྲངས་འབོར་1531ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་བརྟན་པོའི་ངང་འཕར་ཡོད་པ་རེད།

    དེ་དང་ཆབས་ཅིག ལྗང་མདོག་བཟའ་བཅའི་ཐོན་སྐྱེད་རྒྱུ་ཆ་ནས་རྩམ་དང་ནས་ཀྱི་སོག་མ་གཉིས་ལ་གསར་དུ་ཁས་ལེན་དཔང་འདོན་བྱས་པས་མཚོ་སྔོན་ཞིང་ཆེན་ལ་ནས་ཀྱི་ལྗང་མདོག་གཟན་ཆག་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད། རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ་ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞི་18ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བྱ་ཡུལ་དུ་བདེ་བླག་ངང་བསྒྱུར་ཐུབ་པས། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་གྲངས་འབོར་18ཟིན་ཡོད་པ་རེད།

    ཚད་ལྡན་ཅན་གྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ཞིང་འབྲོག་ལས་ཀྱི་ས་གནས་ཀྱི་ཚད་གཞི་ཁག་20གསར་དུ་བཟོས་པ་དང་། ཞིང་འབྲོག་ལས་ཀྱི་ས་གནས་ཀྱི་ཚད་གཞི་ཁག་30ཁྱབ་བསྒྲགས་བྱས་པ། 《ཡུ་གུའི་ཐོན་ལས་ཚད་གཞིའི་མ་ལག》དང་། 《སྲོག་ཆགས་ཀྱི་འགོ་ནད་སྔོན་འགོག་ཚོད་འཛིན་ཚད་གཞིའི་མ་ལག》 《བོད་ལུག་གསོ་ཚགས་ལག་རྩལ་ཚད་གཞི》 《ནོར་གནག་གསོ་ཚགས་དོ་དམ་ལག་རྩལ་ཚད་གཞི》སོགས་འགག་རྩའི་ཚད་གཞི་བདེ་བླག་ངང་ཁྱབ་བསྒྲགས་བྱས་པ་རེད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ལ་མུ་མཐུད་ཤུགས་བརྒྱབ་ནས་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རིགས་ཁག་གི་འཐེན་བཤེར་ཁག་13150ལེགས་སྒྲུབ་བྱས་པ་དང་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་ཚད་98%ཟིན་ཡོད། ཞིང་ཆེན་ཡོངས་ནས་རིམ་རྩིས་བྱས་ན་ཚད་ལོན་ཁས་བླངས་ཀྱི་ལག་ཁྱེར་ཁྲི་12.6སྤྲད་པ་དང་ཁྲོམ་རར་འདོན་ཆོག་པའི་ལག་ཁྱེར་ཡོད་པའི་ཞིང་ལས་ཐོན་རྫས་ཀྱི་བསྡུར་ཚད་བརྟན་པོའི་ངང་འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།