ཡུན་བོད་གཞུང་ལམ་གྱི་མཛེས་ལྗོངས།

འདི་ནི་ཡུན་ནན་ཞིང་ཆེན་ཏ་ལི་གྲོང་ཁྱེར་གྱི་ཀུའུ་ཧྲེང་གྲོང་ཚོ་དང་ཨེར་ཧའེ་མཚོའི་མཛེས་ལྗོངས་ཡིན་པ།

འདི་ནི་2026ལོའི་ཟླ་7ཚེས་1ཉིན་པར་བླངས་པའི་འབྲི་ཆུའི་ཁུག་ཆེན་ཡིན་པ།
1976ལོའི་ཟླ་7ཚེས་6ཉིན། ཡུན་བོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་སྐོར་ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་ཞིང་། ལྷོ་ནུབ་མཐའ་མཚམས་ཀྱི་འགྲིམ་འགྲུལ་མ་ལམ་གལ་ཆེན་དེ་ལྷོ་ཡུན་ནན་གྱི་འཇང་ས་དམ་ནས་འགོ་བཙུགས་ཏེ་བྱང་བོད་ལྗོངས་སྨར་ཁམས་ནས་མཇུག་རྫོགས་ཀྱི་ཡོད། བར་ལམ་དུ་འབྲི་ཆུ་དང་རྫ་ཆུ་འཕྲེད་ནས་བཅད་པ་དང་། རི་བོ་ཚང་ཧྲན་འགྲམ་གྱི་ཨེར་ཧའེ་མཚོ་དང་། འཇང་ས་དམ་གྱི་གནའ་གྲོང་། ཁ་བ་དཀར་པོ་སོགས་འཛམ་གླིང་རིམ་པའི་རི་ཆུ་དང་རིག་བསྐྲུན་གནས་ལྗོངས་མང་པོ་གཞི་གཅིག་ཏུ་སྦྲེལ་ཡོད།
ཡུན་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པའི་ལོ་50ཡི་རིང་། སྒྲིག་བཀོད་ཁག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་ཤར་གཏོང་འགན་ལེན་ནུས་ལྡན་ཐུབ་ཡོད། རླངས་འཁོར་བཏང་ནས་སྐྱོད་སྐབས་ལམ་གྱི་གཡས་གཡོན་གངས་རིའི་ཚོགས་ཀྱིས་བསྐོར་བ་དང་། མཚོ་དང་མཚེའུ་དྭངས་ཤིང་གཙང་བ། གནའ་གྲོང་དང་གྲོང་སྡེ་ཕན་ཚུན་སྤེལ་ཟླར་གྱུར་ནས་རི་མོ་ལྟར་མཛེས་ཤིང་ལྟ་ན་སྡུག་པ་སོགས་མཛེས་ལྗོངས་མང་པོ་མཐོང་རྒྱུ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།