དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་དང་པོ་ནས་ལྔ་པའི་བར་མཚོ་སྔོན་གྱི་འོད་ཤུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་283.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-10

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་སྔོན་ཀའོ་ཅིང་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། རང་འགུལ་ཅན་གྱི་ཐོན་སྐྱེད་མ་ལག་འཁོར་སྐྱོད་མགྱོགས་མྱུར་བྱེད་ཅིང་། བརྡར་རྐྱང་སྭེལ་རེ་རེ་གཅོད་འབྲེག་དང་། གཙང་འཁྲུད། ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལམ་རིམ་བསྒྲུབས་རྗེས་གོ་རིམ་ལྡན་པའི་སྒོ་ནས་དོས་སྒམ་ནང་འཇུག་བཞིན་འདུག ཁེ་ལས་ཀྱི་ཐོན་སྐྱེད་ལས་བྲེལ་ཆེ་བའི་རྣམ་པ་ནི་མཚོ་སྔོན་གྱི་འོད་ཤུགས་ཐོན་ལས་ཕྱིར་གཏོང་མགྱོགས་པོ་ཐུབ་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རིམ་རྩིས་བརྒྱབ་ན་མཚོ་སྔོན་ཞིང་ཆེན་གྱི་འོད་ཤུགས་ཐོན་རྫས་ཀྱི་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་2.8ཟིན་ནས་དུས་མཚུངས་ལས་283.5%འཕར་ཡོད་པ་རེད།

    མིག་སྔར། གོ་ལ་ཧྲིལ་པོའི་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་འོད་ཤུགས་ཐོན་རྫས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད། མི་ཐབས་རིག་ནུས་དང་གྲངས་གཞི་ཆེ་མོ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་གྲངས་གཞི་ལྟེ་གནས་འཛུགས་སྐྲུན་མགྱོགས་མྱུར་བྱེད་པར་སྐུལ་ཁྲིད་ཐུབ་པ་དང་། ལྗང་མདོག་གློག་ཤུགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། འོད་ཤུགས་ཐོན་ལས་འཕེལ་རྒྱས་འགྲོ་བར་ཁྲོམ་རའི་གོ་སྐབས་གསར་པ་བྱུང་ཡོད། ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བའི་འོད་ཤུགས་ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་འགྲན་རྩོད་ལེགས་ཆ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།