བོད་ལྗོངས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་པོ་ཏ་སྡེ་ཁུལ་གྱིས་སྣ་མང་སྟེགས་བུ་བསྐྲུན་ནས་གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་རྒྱ་མ་ཁྲོམ་གཞུང་པོ་ཏ་སྡེ་ཁུལ་གྱིས་ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་མཉམ་སྐྲུན་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། ཕྱོགས་ཡོངས་ཀྱི་ཞབས་ཞུ་རྣམ་པའི་གཞི་རིམ་ཏང་རྩ་འཛུགས་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས“ཁེ་ལས་ཀྱིས་བླང་བྱ་འདོན་པ་དང་། སྡེ་ཁུལ་གྱིས་དཀའ་གནད་སེལ་བ། ཁེ་ལས་ཀྱིས་འཕེལ་རྒྱས་དོན་གཉེར། སྲིད་གཞུང་གིས་འབྲེལ་ཟམ་འཛུགས་པ”བཅས་ཀྱི་ལས་ཀའི་འདུ་ཤེས་ལ་བརྩི་སྲུང་ཞུས་ཏེ་ཏང་འཛུགས་སྐྱོང་མཉམ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
བཞུགས་མོལ་བྱ་ཡུལ་དུ་ཚན་པ་ཁག་གིས་ལས་རིགས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རེ་ཞུ་ལྷུག་པོར་གླེང་ཞིང་། ཕྱོགས་ཁག་གི་གཏམ་བཤད་དོན་དངོས་དང་མཐུན་པ་དང་གནད་དོན་ལ་ཐད་ཀར་ཕྱོགས་ནས་གནད་སྨིན་ཇུས་འདོན་ལ་གཞི་འཛིན་ས་ཁ་གསལ་མཁོ་འདོན་བྱས་ཡོད། སྡེ་ཁུལ་གྱིས་ས་གནས་ས་ཐོག་ཏུ་གསེད་བཀྲོལ་བསྡུ་རུབ་དང་། གནད་དོན་དང་། དགོས་མཁོ། དོན་འཁྱོལ་བཅས་ཀྱི་གསལ་ཐོ་བཟོས་ནས་གནད་སྨིན་རྩིས་ཐོ་དང་འབེན་གཏད་ཞབས་ཞུ་མངོན་འགྱུར་ཡོང་བ་བྱས་ཡོད།
གསལ་ཐོ་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་གི་འབྲེལ་ཐག་ལ་བརྟེན་ནས་སྲིད་ཇུས་དང་འཐབ་སའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་མཁོ་སྤྲོད་གྲོས་མོལ་ལམ་སྲོལ་བཙུགས་པ་མ་ཟད། དགོས་མཁོ་ལྟར་ཕྱོགས་ཁག་གི་ཐོན་ཁུངས་བཀོད་སྒྲིག་བྱས་ཡོད། པོ་ཏ་སྡེ་ཁུལ་གྱིས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་འགན་འཁྲིར་གཞི་ཚུགས་པ་དང་། གསལ་ཐོར་གཞིགས་ནས་ཐོ་བསུབ་དོ་དམ་ལག་བསྟར་བྱེད་པ། སྲིད་ཇུས་ཀྱིས་ཚབ་གཉེར་དང་། ཁོར་ཡུག་བཅོས་སྒྲིག མི་སྤྱོད་སྦྲེལ་མཐུད། དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་དོན་ལ་དམིགས་ནས་སྔོན་ལ་སྒྲུབ་པ་དང་། ཁེ་ལས་གཉེར་སྐྱོང་དང་། ལས་བཟོའི་བདེ་སྡོད། གཞི་རིམ་བཅོས་སྐྱོང་བཅས་ཀྱི་དཀའ་གནད་སྣ་ཚོགས་ནུས་ལྡན་ངང་བསལ་ཏེ་ཁོངས་གཏོགས་ཁུལ་གྱི་ཚོང་གཉེར་ཁོར་ཡུག་དང་སྡོད་གནས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།