དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-10

    ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་སྒྲིག་འཛུགས་དང་རྩོམ་འབྲི་བྱས་པའི《ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་ནས་འཚར་ལོངས་བྱུང་བའི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཡིན་ཞིང་། མི་དམངས་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་བརྩེ་བ་ཟབ་མོ་འཆང་བཞིན་ཡོད་པ་དང་གཞི་རིམ་ལས་དོན་གྱི་ཆོས་ཉིད་ལ་མཐིལ་རྟོགས་གཏིང་ཟབ་ཡོད། ས་གནས་སུ་ཕྱག་ལས་གནང་རིང་ངམ་ཡང་ན་ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས་རྗེས་གང་ཡིན་རུང་། བློ་མཐུན་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ལ་མཐོང་ཆེན་དང་། གཞི་རིམ་ལ་ཐུགས་ཁུར། གཞི་རིམ་དུ་ཕེབས་པ། གཞི་རིམ་ལ་རྒྱབ་སྐྱོར་བཅས་གནང་ནས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ་དེ་ཕུགས་ཀྱི་ཐབས་ཇུས་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་ལ་བརྩི་རྒྱུ་མཐའ་འཁྱོངས་གནང་བས། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་ལག་ལེན་གྱི་རིན་ཐང་ལྡན་པའི་གཞི་རིམ་གྱི་ལས་དོན་སྒྲུབ་སྟངས་རབ་དང་རིམ་པ་འཚོལ་ཞིབ་ཐུབ་ནས་གྲུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་གྱི་ལས་དོན་སྒྲུབ་སྟངས་ལ་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་གི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་ཅིང་། གང་འདྲ་ཞིག་ལ་གཞི་རིམ་ཟེར་བ་དང་། གཞི་རིམ་དུ་ཟབ་སྐྱོད་ཇི་ལྟར་བྱེད་དགོས་པ། གཞི་རིམ་ལ་ཞབས་འདེགས་ཇི་ལྟར་ཞུ་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་པ་དང་། གཞི་རིམ་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། 《ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་། གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་དང་། རྩ་བའི་བླང་བྱ། ཚན་རིག་དང་མཐུན་པའི་འདུ་ཤེས། ནུས་ལྡན་གྱི་བྱ་ཐབས། རྩ་བའི་འགན་ལེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ། དེ་བས་ལེགས་པའི་སྒོ་ནས་གཞི་རིམ་ལ་ངོས་འཛིན་དང་། གཞི་རིམ་དུ་ཟབ་སྐྱོད། གཞི་རིམ་ལ་ཞབས་འདེགས་ཞུ་བ། ཏང་གི་སྲིང་སྐྱོང་རྨང་གཞི་བརྟན་དུ་ཧུར་ཐག་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    ཉེ་ཆར། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བརྡ་ཐོ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་ལ《ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གཅེས་བཏུས》དང《ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཞིབ་ཀློག་དང་སློབ་སྦྱོང་སྤེལ་རེས་ནན་ཏན་བྱེད་པ་དང་། སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། གཞི་རིམ་ལས་དོན་སྒྲུབ་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་གཞི་རིམ་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།