དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “མཛེས་སྡུག་ལྡན་པའི་ཀྲུང་གོར་བསྐྱོད་ནས་གཙང་གསུམ་ཆུ་འགོར་བཅར་འདྲི་བྱེད”ཅེས་པའི་གཅིག་སྡུད་བཅར་འདྲི་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-09

    ཚེས་6ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུས་ཆུ་བེད་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སྐྱེ་ཁམས་ཁོར་ཡུག་པུའུ། རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སོགས་སྡེ་ཚན་དང་མཉམ་དུ་གཙོ་གཉེར་བྱས་པའི“མཛེས་སྡུག་ལྡན་པའི་ཀྲུང་གོར་བསྐྱོད་ནས་གཙང་གསུམ་ཆུ་འགོར་བཅར་འདྲི་བྱེད”ཅེས་པའི་གཅིག་སྡུད་བཅར་འདྲི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་གཅིག་སྡུད་བཅར་འདྲི་དེ་ལམ་ཐིག་གཉིས་བརྒྱུད་ནས་བྱེད་རྒྱུ་ཡིན་ཞིང་། སྨྱན་སྦྱོར་གྱི་གསར་འགོད་པ་སྒྲིག་འཛུགས་བྱས་ཏེ་ཟི་ལིང་དང་། མཚོ་ལྷོ། མགོ་ལོག ཡུལ་ཤུལ། མཚོ་བྱང་སོགས་གྲོང་ཁྱེར་དང་ཀྲོའུ་རུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་བཅར་འདྲི་བྱས་ནས་མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་དོ་དམ་དང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལག་ལེན་གྱི་ཕན་འབྲས་གཅིག་སྡུད་ཐོག་མངོན་པར་བྱ་རྒྱུ་མ་ཟད། གཙང་གསུམ་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མཐུན་སྦྱོར་སྐུལ་འདེད་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་མངོན་པར་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།