དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་བྲག་འགོ་ཡིས་ཤིང་འབྲས་དང་སྔོ་ཚལ་དྲོད་ཁང་ཆེ་མོར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-09

    སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་བྲག་འགོ་རྫོང་གི་ས་མཐོའི་དེང་རབས་ཞིང་ལས་ས་གྲོལ་ཐོན་ལས་གླིང་གིས་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ནས་བྲག་འགོ་རྫོང་ལ་ཁ་གཏད་རོགས་སྐྱོར་གྱིས་འཚོལ་ཞིབ་བྱས་པའི་ས་གྲོལ་དང་མང་རུབ་ཟུང་འབྲེལ་གྱི་ཐོན་ལས་ཀྱི་རོགས་སྐྱོར་བྱེད་སྟངས་སྤྱད་པ་སྟེ། “ས་ཞིང་གཅིག་སྡུད་དང་། གྲོང་ཚོ་ཁག་ས་གྲོལ། སྣེ་འདྲེན་གཉེར་སྐྱོང་། མ་རྐང་ལ་ཞུགས་ནས་ཁེ་སྤོགས་བགོ་འགྲེམས”བཅས་ཀྱི་ལམ་སྲོལ་གསར་གཏོད་བྱས་ནས་དྲོད་ཁང་ཆེ་མོ་400ལྷག་ཙམ་བསྐྲུན་ཞིང་། གཅིག་གྱུར་གཉེར་སྐྱོང་བྱས་པས་འབྲི་ཏ་ས་འཛིན་དང་། ཀྲོ་མ་ཀྲུ་ཆུང་ངུ་། ཧོང་ཀྭ་སོགས་ཤིང་འབྲས་དང་སྔོ་ཚལ་དྲ་ཐོག་དང་དྲ་ཕྱི་བརྒྱུད་རྒྱལ་ཁབ་ཕྱི་ནང་དུ་བཙོངས་ནས་བྲག་འགོ་རྫོང་དེང་རབས་ཞིང་ལས་ཀྱི“མྱུར་ལམ”ཐོག་སྐྱོད་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།