དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ — ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགྲེམས་ཚོགས་སྐབས་དགུ་པས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ལི་ཆང་དང་། ཝང་ཏུང་ཧུའེ། ཅང་ཡུན་ལུང་།   |     སྤེལ་དུས།  2026-07-09

    ཉེ་ཆར། “དར་གོས་ལམ་བུའི་གོ་སྐབས་གསར་པ། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གསོན་ཤུགས་གསར་པ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགྲེམས་ཚོགས་སྐབས་དགུ་པ་ཤིན་ཅང་ཝུའུ་ལུའུ་མུའུ་ཆིར་གཉེར་བ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱིས་གཞི་ཁྱོན་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་49ཞུགས་པ་ལས། རྒྱལ་ཁབ་དང་ས་ཁུལ་27གྱིས་ལོགས་སུ་འགྲེམས་ཁང་བཙུགས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་སྒྲིག་གཞི་3000ལྷག་འགྲེམས་ཚོགས་ལ་ཞུགས་ནས། ཨེ་ཤེ་ཡ་དང་ཡོ་རོབ་མཉམ་ལས་ཀྱི་གསོན་ཤུགས་དང་གཏིང་ཤུགས་མངོན་པར་བྱས་ཡོད།

    ཤིན་ཅང་ཁེ་ལཱ་མཱ་དབྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚན་རྩལ་གསར་གཏོད་ཐོན་རྫས་170ལྷག་འགྲེམས་སྟོན་བྱས་ཤིང་། དེའི་ནང་སྣུམ་རླངས་སྒྲིག་ཆས་བཟོ་སྐྲུན་དང་། ཞིབ་ཚགས་རྫས་འགྱུར་བཟོ་ལས། ནུས་གསོག་རྒྱུ་ཆ་གསར་པ། ཁྱད་ལྡན་ཞིང་འབྲོག་སོགས་ཁྱབ་ཁོངས་མང་པོའི་ཐོན་རྫས་ཚུད་ཡོད་པ་རེད།

    “ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་འཐབ་ཇུས་བཀོད་སྒྲིག་ལ་གཞི་ཚུགས་ནས་ཤིན་ཅང་ཧ་སྨི་ཡིས་འགྲེམས་ཚོགས་ཐོག་བཏོན་པའི་རྩིས་ནུས་ཐོན་ལས་ལ་བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་ཡོད། ནུས་རྒྱུའི་རྩིས་ནུས་མཉམ་འདྲེས(ཧ་སྨི)ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལི་ཁྲའོ་ཡིས“ཧ་སྨི་ལ་ནུས་རྒྱུ་དང་རྩིས་ནུས་སོགས་ཀྱི་ཐད་ལེགས་ཆ་མང་པོ་ལྡན་པས་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ལ་མཐུན་རྐྱེན་སྦྱོར་ཐུབ་པ་མ་ཟད། ད་དུང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་རྒྱལ་ཁབ་ཁག་ཏུ་བསྐྱོད་རྒྱུའི་རེ་བའང་ཡོད”ཅེས་བརྗོད།

    ཧ་སག་སི་ཐན་ནི་སྐབས་འདིའི་འགྲེམས་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཅིག་རེད། ཀྲུང་གོར་བཅའ་སྡོད་ཧ་སག་སི་ཐན་གྱི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཚན་ཙན་པཱ་དབྱི་ཅེ་ནུའོ་ཧྥུའུ·ཀྲ་ནཱ་ཐེ་ཡིས“འགྲེམས་ཚོགས་སུ་རྒྱལ་ཁབ་མང་པོའི་ཕུལ་བྱུང་ཁེ་ལས་འདུས་པ་དང་། ཕྱོགས་ཁག་གིས་ངོ་ཐུག་གདོང་འཕྲད་སྒོས་སྤེལ་རེས་དང་། མཉམ་ལས་རོགས་ཟླ་འཚོལ་བ། རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དང་མཉམ་དུ་སྔོན་ཐོན་བཟོ་སྐྲུན་དང་། ཞིང་ལས་ཐོན་རྫས་ལས་སྣོན། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་སྔར་བས་གཏིང་ཟབ་བྱས་ནས། དཔེ་སྟོན་གྱི་དོན་སྙིང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་མཉམ་ལས་རྣམ་གྲངས་དེ་བས་མང་བ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    སྐབས་འདིའི་འགྲེམས་ཚོགས་ཐོག ཐེ་ལན་གྱིས་ཐེངས་དང་པོར་ལོགས་སུ་འགྲེམས་ཁང་བཙུགས་པ་དང་། ཁུན་མིང་དུ་བཅའ་སྡོད་ཐེ་ལན་གྱི་སྤྱི་ཁྱབ་ཁེ་སྐྱོང་ཁང་གི་ཚོང་དོན་ཁེ་སྐྱོང་བ་ཁྲེན་ཝེ་ཡིས། ཤིན་ཅང་གི་ཁྲོམ་རར་གཏིང་ཤུགས་ཆེན་པོ་འདུག་པས། འགྲེམས་ཚོགས་ཀྱི་ལས་སྟེགས་འདི་ལ་བརྟེན་ནས་ཐེ་ལན་གྱི་ཐོན་རྫས་དེ་བས་མང་བ་ཤིན་ཅང་གི་ཁྲོམ་རར་འདོན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།