དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་སྒྲིག་འཛུགས་བྱས་ནས་གློག་བརྙན《རྨོ་བོ་ལགས་ལ་སྤྲིངས་པའི་ཡི་གེ》བལྟས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-09

    ཟླ་7ཚེས་6ཉིན། ཀྲུང་གོར་བཅའ་སྡོད་གཞུང་ཚབ་སོགས་ཀྱིས་གློག་བརྙན《རྨོ་བོ་ལགས་ལ་སྤྲིངས་པའི་ཡི་གེ》བལྟས་རྗེས་གློག་བརྙན་གྱི་གསར་རྩོམ་ཚོགས་པ་གཙོ་བོ་དང་སྤེལ་རེས་བྱེད་བཞིན་པ།

    ཟླ་7ཚེས་6ཉིན། ཕྱི་འབྲེལ་པུས་ཀྲུང་གོར་བཅའ་སྡོད་ཧིན་རྡུ་ཉི་ཞི་ཡ་དང་། ཐེ་ལན། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁ་མེ་རོང་། སར་པི་ཡ། ཨིར་ལན། ཕེ་རུ། ནེའུ་ཙི་ལན་སོགས་གཞུང་ཚབ་ཁང་74དང་ཀྲུང་གོར་བཅའ་སྡོད་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་8ཀྱི་གཞུང་ཚབ་བཟའ་ཚོ་དང་ཕྱི་འབྲེལ་དཔོན་བཅས་ཁྱོན་མི་150ཙམ་གདན་དྲངས་ནས་གློག་བརྙན《རྨོ་བོ་ལགས་ལ་སྤྲིངས་པའི་ཡི་གེ》བལྟས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ཧུང་ལེ་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། རྒྱལ་ཁབ་གློག་བརྙན་ཅུས་ཀྱི་རྒྱུན་ལས་ཅུས་ཀྲང་གཞོན་པ་མའོ་ཡུས་སོགས་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།