དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《རྒྱལ་ཡོངས་ཀྱི་གནམ་གཤིས་བྱ་གཞག་འཕེལ་རྒྱས་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-09

    ཉེ་ཆར། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ《རྒྱལ་ཡོངས་ཀྱི་གནམ་གཤིས་བྱ་གཞག་འཕེལ་རྒྱས་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་ཞིང་། འཆར་འགོད་ནང་2030ལོར་སླེབས་སྐབས་དམིགས་བསལ་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད་པ་རེད།

    འཆར་འགོད་ནང་ནན་བཤད་བྱས་དོན། གནམ་གཤིས་ཀྱི་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་དུ་འགྱུར་རྒྱུ་གཙོ་རྐང་དུ་བྱས་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོ་ཡིན་པའི་གནམ་གཤིས་ཀྱི་ནུས་པ་ཏན་ཏིག་བཏོན་ཁར། དམིགས་བསལ་གནམ་གཤིས་ལ་ཁ་གཏད་གཅོག་པ་དང་། གནམ་གཤིས་ཀྱི་མི་ཐབས་རིག་ནུས་ཀྱིས་ལས་རིགས་སྣ་ཚོགས་ལ་མཐུན་རྐྱེན་སྦྱོར་བ། སའི་གོ་ལའི་མ་ལག་ཧྲིལ་པོའི་སྔོན་བརྡ་གཏོང་བ། གནམ་གཤིས་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་འགག་སྒྲོལ་བྱ་སྤྱོད་ཆེན་པོ་བཞི་ལག་ལེན་བསྟར་ཏེ། གནམ་གཤིས་ལ་ཞིབ་འཇུག་བྱེད་པ་དེ་སའི་གོ་ལའི་མ་ལག་ཧྲིལ་པོར་རྒྱ་སྐྱེད་གཏོང་བ་དང་། གྲངས་འཛིན་རིག་ནུས་སུ་རིམ་སྤོར་བྱེད་པ། རྒྱང་རིང་གི་མཁའ་དབྱིངས་སུ་ཞིབ་འཇུག་བྱེད་པ། རྒྱལ་སྤྱིའི་གནམ་གཤིས་བཅོས་སྐྱོང་ཕྱོགས་སུ་སྣུར་སྲིང་བཅས་བྱེད་པར་སྐུལ་འདེད་བཏང་ནས་སྔོན་ཐོན་ཚན་རྩལ་ལ་སླེབས་པ་དང་། ལྟ་ཞིབ་ཚད་ལེན་ཚགས་ཚུད་པོ། སྔོན་བརྡ་གནད་ལ་སྨིན་པ། ཞབས་ཞུ་ཞིབ་ཚགས་པ། མི་དམངས་བློ་མགུ་བ་བཅས་ཀྱི་དེང་རབས་ཀྱི་གནམ་གཤིས་མ་ལག་མགྱོགས་མྱུར་བསྐྲུན་དགོས།

    འཆར་འགོད་ནང་ཁ་གསལ་བསྟན་དོན། 2030ལོར་སླེབས་སྐབས་གནམ་གཤིས་ཀྱི་འགག་རྩའི་ཚན་རྩལ་ལ་ཚད་བརྒལ་གལ་ཆེན་ཡོང་བར་བྱེད་པ་དང་། གནམ་གཤིས་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་མཉམ་འདྲེས་དང་བེད་སྤྱོད་གཏིང་ཟབ་བྱེད་པ། དམིགས་བསལ་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་དང་ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སའི་གོ་ལའི་མ་ལག་གི་སྔོན་བརྡ་དང་གྲངས་གཞིའི་ལས་སྟེགས་འཛུགས་པར་འཕེལ་རིམ་གལ་ཆེན་ཡོང་བར་བྱེད་པ། གནམ་གཤིས་གྲངས་གཞིའི་གཙོ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པ་བཅས་ལ་བརྟེན་ནས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཀྱི་གནམ་གཤིས་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་དང་། རང་རྒྱལ་གྱི་གནམ་གཤིས་ཕྱོགས་བསྡུས་ཀྱི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ནས་གནམ་གཤིས་ཀྱི་ཚན་རྩལ་དང་། ལྟ་ཞིབ་ཚད་ལེན། སྔོན་བརྡ་བཅས་ཀྱི་ནུས་པ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་བསླེབ་པ་དང་། གནམ་གཤིས་ཞབས་ཞུ་འཛམ་གླིང་གི་སྔོན་ཐོན་དུ་བསླེབས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱ་རྒྱུ་ཡིན།

    འཆར་འགོད་ནང་དམིགས་བསལ་གནམ་གཤིས་ལ་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་ཀྱིས་ལས་རིགས་སྣ་ཚོགས་ལ་མཐུན་རྐྱེན་སྦྱོར་བའི་ནུས་པར་སྐུལ་འདེད་གཏོང་བ། ལྟ་ཞིབ་ཚད་ལེན་ཞིབ་ཚགས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཕྱོགས་7ཐད་ཀྱི་ལས་འགན་གལ་ཆེན་24ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད་པ་དང་། ལྷན་སྦྱར་གྱི་ཆེད་སྒྲིག་ལེ་ཚན་བཏོད་དེ་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁག་8ཁ་གསལ་བཟོས་ནས་གནམ་གཤིས་ཀྱི་གནོད་འཚེའི་སྔོན་བརྡ་དང་ཉེན་བརྡ་གཏོང་བ་དང་། མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པ། གནམ་གཤིས་ཀྱིས་གཙོ་གནད་ལས་རིགས་ལ་མཐུན་རྐྱེན་སྦྱར་ནས་ཞིབ་ཚགས་ཅན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་གཙོ་གནད་ལས་གྲྭའི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།