ཞའོ་ལང་ཏིས་གཙང་ཆུ་དང་བྱེ་མ་ལོགས་དབྱེའི་དུས་མཚམས་གཉིས་པའི་བྱེ་མ་འབུད་སྟངས་སྤྱོད་འགོ་ཚུགས་པ།

བཞུར་ཚད་ཆེ་བའི་བྱེ་མང་འབུད་བཞིན་པ།
ཟླ་7ཚེས་5ཉིན་གྱི་ཆུ་ཚོད་21ལ་ཞའོ་ལང་ཏིའི་ཆུ་བེད་ལྟེ་གནས་ཀྱིས་སན་མོན་ཞ་ཆུ་བེད་ལྟེ་གནས་ནས་བྱེ་མང་ཆུ་རྒྱུན་ཕུག་སྒོ་ནས་དོན་པ་ལྟ་ཞིབ་ཚད་ལེན་ཐུབ་པས། ཞའོ་ལང་ཏི་ཆུ་མཛོད་འདི་ཉིད་བཞུར་ཚད་ཆེ་བའི་བྱེ་མང་འབུད་དུས་སུ་སླེབས་ཡོད། སྔོན་དཔག་བྱས་ན་2026ལོར་རྨ་ཆུའི་ཆུ་དང་བྱེ་མ་ལོགས་སུ་འབྱེད་ཚད་ཟླ་7ཚེས་12ཉིན་མཇུག་འགྲིལ་རྒྱུ་དང་ཞའོ་ལང་ཏི་ཆུ་མཛོད་ཀྱི་བྱེ་འབུད་བྱེད་ཚད་ཏུན་དུང་ཕྱུར་1ལས་བརྒལ་རྒྱུ་རེད། ཟླ་6ཚེས་22ཉིན། རྨ་ཆུའི་ཆུ་དང་བྱེ་མ་ལོགས་སུ་འབྱེད་འགོ་ཚུགས་པ་ནས་བཟུང་། ཉིན་14ཡི་རིང་གི་བཞུར་ཚད་ཆེ་བའི་བྱེ་མང་འབུད་པ་བརྒྱུད། ཞའོ་ལང་ཏི་ཆུ་མཛོད་ཀྱི་ཆུ་ཁ་དམའ་རུ་ཕྱིན་ནས་བྱེ་མ་འབུད་དུས་བདེ་བླག་ངང་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།