ཨ་ཁ་མོའི་འཛམ་གླིང་བུམ་པའི་རུ་ཁག་རྩེ་གྲས་བརྒྱད་ཐོན་པ།

ཟླ་7ཚེས་7ཉིན། ཨ་རིའི་ཡ་ཐེ་ལན་ཏ་ལུས་རྩལ་ཐང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་ཨ་ཀེན་ཐིན་རུ་ཁག་གིས་བསྡུར་གྲངས་3∶2ཀྱི་ཐོག་ནས་ཨེ་ཅིབ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་ཨ་ཀེན་ཐིན་རུ་ཁག་གི་རུ་མི་ལི་ཨོང་ནེར·མེ་ཤིས(མདུན་ངོས)ཀྱིས་འགྲན་བསྡུར་ལ་རྒྱལ་ཁ་ཐོབ་པར་དགའ་འབོད་བྱེད་བཞིན་པ།

ཟླ་7ཚེས་6ཉིན། ཨ་རིའི་ཤིས་ཡ་ཐུའུ་རུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་ཨ་རིའི་རུ་ཁག་དང་པེར་ཀྲེམ་རུ་ཁག་འགྲན་བསྡུར་བྱས་མཐར་པེར་ཀྲེམ་རུ་ཁག་གིས་བསྡུར་གྲངས་4∶1གི་ཐོག་ནས་ཨ་རིའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་པེར་ཀྲེམ་རུ་ཁག་གི་རུ་མིས་སྤོ་ལོ་འཛུལ་བར་དགའ་འབོད་བྱེད་བཞིན་པ།

ཟླ་7ཚེས་5ཉིན། མོ་ཞི་ཁོའི་མོ་ཞི་ཁོ་གྲོང་ཁྱེར་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་དབྱིན་ཀེ་ལན་རུ་ཁག་གིས་བསྡུར་གྲངས་3∶2ཀྱི་ཐོག་ནས་མོ་ཞི་ཁོ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་དབྱིན་ཀེ་ལན་རུ་ཁག་གི་རུ་མིས་འགྲན་བསྡུར་ཚར་རྗེས་རྒྱལ་ཁ་ཐོབ་པར་དགའ་འབོད་བྱེད་བཞིན་པ།

ཟླ་7ཚེས་5ཉིན། ཨ་རིའི་ཉིའུ་གཡོད་ཤིན་ཙེ་ཤིས་ལུས་རྩལ་ཐང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་ནོར་ཝེ་རུ་ཁག་གིས་བསྡུར་གྲངས་2∶1གི་ཐོག་ནས་པར་ཙིར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་ནོར་ཝེ་རུ་ཁག་གི་ཨེར་ལིན·ཧ་ལན་ཏེ(གཡོན་གྱི་དང་པོ)དང་རུ་མི་ཚོས་སྤོ་ལོ་འཛུལ་བར་མཉམ་དུ་དགའ་འབོད་བྱེད་བཞིན་པ།

ཟླ་7ཚེས་6ཉིན། ཨ་རིའི་ཏ་ལ་སི་ལུས་རྩལ་ཐང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་སི་ཕེན་རུ་ཁག་གིས་བསྡུར་གྲངས་1∶0གྱི་ཐོག་ནས་ཕོར་ཐིའུ་ཀལ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་སི་ཕེན་རུ་ཁག་གི་རུ་མི་ཚོས་འགྲན་བསྡུར་ནང་སྤོ་ལོ་འཛུལ་བར་དགའ་འབོད་བྱེད་བཞིན་པ།

ཟླ་7ཚེས་7ཉིན། ཁ་ན་ཏའི་དབུན་ཀེ་ཧྭ་རུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་སུའེ་ཙེར་རུ་ཁག་དང་ཁོ་ལོམ་པི་ཡ་རུ་ཁག་གི་འཆར་ཅན་འགྲན་བསྡུར་ནང་བསྡུར་གྲངས་0∶0ཡིན་པ་རེད། དྷ་སི་ཀ་ཊམ་གྱི་འགྲན་ཆེན་བརྒྱུད་སུའེ་ཙེར་རུ་ཁག་བསྡུར་གྲངས་4∶3གྱི་ཐོག་ནས་རྣམ་པར་རྒྱལ་བ་དང་། མཐར་སྤྱིའི་བསྡུར་གྲངས་4∶3གྱི་ཐོག་ནས་ཁོ་ལོམ་པི་ཡ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་སུའེ་ཙེར་རུ་ཁག་གི་རུ་མི་ཚོས་དྷ་སི་ཀ་ཊམ་གྱི་འགྲན་ཆེན་ཐོབ་རྗེས་དགའ་འབོད་བྱེད་བཞིན་པ།

ཟླ་7ཚེས་4ཉིན། ཨ་རིའི་ཧྥེ་ཁྲེང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་ཕ་རུ་ཀུའེ་རུ་ཁག་དང་ཧྥ་རན་སེ་རུ་ཁག་འགྲན་བསྡུར་བྱས་མཐར་ཧྥ་རན་སེ་རུ་ཁག་གིས་བསྡུར་གྲངས་1∶0གྱི་ཐོག་ནས་ཕ་རུ་ཀུའེ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་ཧྥ་རན་སེ་རུ་ཁག་གི་ཨང་གྲངས་བཅུ་པ་མུའུ་པ་ཕེ་ཡིས་དྷ་སི་ཀ་ཊམ་འཛུལ་རྗེས་རུ་མི་དང་མཉམ་དུ་དགའ་འབོད་བྱེད་བཞིན་པ།

ཟླ་7ཚེས་4ཉིན། ཨ་རིའི་ཤིའུ་སི་ཏུན་ལུས་རྩལ་ཐང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་བརྒྱད་ཐོན་མཐའ་བསྡུར་ནང་ཁ་ན་ཏ་རུ་ཁག་དང་མོ་རོ་ཁོ་རུ་ཁག་འགྲན་བསྡུར་བྱས་མཐར་མོ་རོ་ཁོ་རུ་ཁག་གིས་བསྡུར་གྲངས་3∶0གྱི་ཐོག་ནས་ཁ་ན་ཏ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཅིང་། འདི་ནི་མོ་རོ་ཁོ་རུ་ཁག་གི་རུ་མིས་འགྲན་བསྡུར་ནང་སྤོ་ལོ་འཛུལ་བར་དགའ་འབོད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།