མངའ་རིས་ས་ཁུལ་སྒར་རྫོང་གི་འོད་ཤུགས་དང་ནུས་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།
ཉེ་ཆར། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས་མ་དངུལ་བཏང་བའི་མངའ་རིས་ས་ཁུལ་སྒར་རྫོང་གི་འོད་ཤུགས་དང་ནུས་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.75བཏང་བ་དང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་31.83MWཟིན་ཡོད། དེ་ནི་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས་མངའ་རིས་ས་ཁུལ་དུ་བསྐྲུན་པའི་ས་བབ་ཧ་ཅང་མཐོ་བའི་འོད་ཤུགས་དང་ནུས་གསོག་གཞི་གཅིག་ཅན་གྱི་ནུས་གསར་རྣམ་གྲངས་གཞན་ཞིག་རེད།
རྣམ་གྲངས་དེ་ས་བབ་སྨི་4300ཙམ་ཟིན་པའི་སྒར་རྫོང་རྒྱ་སྨུག་གྲོང་ཚོར་གནས་པ་དང་ལེ་ལག་ཚང་བའི་ནུས་གསོག་སྒྲིག་བཀོད་མཉམ་དུ་བསྐྲུན་ཡོད། རྣམ་གྲངས་འཁོར་རྒྱུག་བྱེད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོར་ཆ་སྙོམས་གློག་འདོན་ཚད་ཆན་ཝ་ཆུ་ཚོད་ཁྲི་5632ཟིན་པ་དང་། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་1.62གྲོན་ཆུང་ཐུབ་པ། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཏུན་ཁྲི་4.45ཉུང་དུ་འགྲོ་བ། འོད་ཤུགས་གློག་འདོན་གྱི་གློག་འདོན་ཤུགས་ཚད་སྙོམས་སུ་གཏོང་བ། ས་ཆ་དེ་རང་གི་ནུས་གསར་སྤྱོད་ནུས་ཆེ་རུ་གཏོང་བ། སྒར་རྫོང་དང་ཐ་ན་མངའ་རིས་ས་ཁུལ་གྱི་དགུན་དཔྱིད་ཀྱི་གློག་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་གཏོང་ཐུབ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།