དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་བརྡ་རྟགས་རིག་པའི་ས་མཐོའི་རིག་གཞུང་བགྲོ་གླེང་དང་བོད་ལྗོངས་སློབ་ཆེན་དང་སི་ཁྲོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཉམ་འབྲེལ་གླེང་སྟེགས་བདེ་བླག་ངང་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། གནམ་ཕྱུག་རྒྱལ།   |     སྤེལ་དུས།  2026-07-09

     ཟླ་7ཚེས4ཉིན་གྱི་སྔ་དྲོར། ལྷ་སའི་གནས་ཚང་གསོལ་མགྲོན་ཁང་དུ“རིག་ནུས། དཔལ་ཡོན། འབྱུང་འགྱུར་ཏེ། 2026ལོའི་བརྡ་རྟགས་རིག་པའི་ས་མཐོའི་རིག་གཞུང་བགྲོ་གླེང་དང་དེ་བཞིན་བོད་ལྗོངས་སློབ་ཆེན་དང་སི་ཁྲོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཉམ་འབྲེལ་གླེང་སྟེགས”ཀྱི་འགོ་ཚུགས་མཛད་སྒོ་གཉེར་ཞིང་། ཚེས་5ཉིན་གྱི་ཉིན་གུང་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་བདེ་བླག་ངང་གྲོལ་བ་རེད།

    དེ་ཡང་ཉིན་གཉིས་རིང་གི་རིག་གཞུང་དགའ་སྟོན་དེའི་ནང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀུན་དགའ་ཡེ་ཤེས་དང་འབུམ་རམས་སློབ་མ་རྩེ་སྟོད་འགྱུར་མེད་རྒྱ་མཚོ་སོགས་དགེ་སློབ་བརྒྱ་ལྷག་ཙམ་དང་། དེ་བཞིན་ནན་ཁའེ་སློབ་ཆེན་གྱི་སྐད་བརྡ་རིག་པའི་མཁས་པ་གྲགས་ཅན་ཨ་ཚོགས་ཡེ་ཤེས་འོད་གསལ། རྩོམ་རིག་དུས་དེབ《སྦྲང་ཆར》གྱི་རྩོམ་སྒྲིག་པ་ཆོས་སྐྱོང་སོགས་རྒྱལ་ནང་གི་བརྡ་རྟགས་རིག་པ་དང་། སྐད་བརྡ་རིག་པ། རྩོམ་རིག་སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་ཅན་བཅུ་ལྷག་ཙམ་མཉམ་དུ་འཛོམས་ཏེ་རིག་གཞུང་བགྲོ་གླེང་གི་དགའ་སྐྱིད་དཔལ་ལ་རོལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ་དེ་ཐོག་ནས་རིག་ནུས་དུས་རབས་ཀྱི་བརྡ་རྟགས་རིག་པའི་སྐོར་གྱི་ཞིབ་འཇུག་གི་གནས་སྟངས་ཡར་ངོའི་ཟླ་བཞིན་འཕེལ་བ་མཚོན་པ་དང་། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཡང་རམ་འདེགས་བྱས་ཡོད་ཅིང་། སློབ་གླིང་གིས་ད་རེས་ཀྱི་ཚོགས་འདུ་ཉིད་གོ་སྐབས་སུ་བྱས་ཏེ་ནང་སའི་སློབ་ཆེན་དབར་རིག་གཞུང་མཉམ་ལས་མུ་མཐུད་བྱས་ནས་ས་མཐོའི་རིག་གནས་རྒྱུན་འཛིན་གསར་གཏོད་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་ཆེད་དུ་རིག་གཞུང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།