དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་ལྔ་པར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་15.1%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-08

     ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་དང་པོ་ནས་ལྔ་པའི་བར་གྱི་ཟོག་འགྲུལ་འཁོར་སྐྱོད་གྲངས་གཞི་ཡོངས་བསྒྲགས་བྱས་པ་སྟེ། ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་146.6ཟིན་པ་དེ་དུས་མཚུངས་ལས་5.2%འཕར་བའི་ནང་། བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་5.4%འཕར་ཡོད། ཟོག་འགྲུལ་དགོས་མཁོ་སྤྱིའི་ཆ་ནས་བརྟན་འཕར་རྒྱུན་འཁྱོངས་ཐུབ་པ་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་ཕྱིན་ནས། གྲུབ་ཆ་རིམ་སྤོར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་མངོན་ཡོད། དེ་དང་ཆབས་ཅིག ཟོག་འགྲུལ་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་5.8ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད། ཟོག་འགྲུལ་དར་རྒྱས་ཀྱི་ཆུ་ཚད་དུས་གཅིག་ཏུ་མཐོ་རུ་ཕྱིན་ཡོད་པ་སྟེ། ཟླ་དང་པོ་ནས་ལྔ་པའི་བར། ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་ཀྱི་སྙོམས་ཐང་དེ་ཟླ་དང་པོ་ནས་བཞི་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.1གིས་མཐོ་བ་ཡོད།

    རྩེར་སོན་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཟོག་འགྲུལ་དགོས་མཁོ་ཅུང་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་ལྔ་པར། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་15.1%དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་9.5%འཕར་བ་དེ་ཟླ་གོང་མ་དང་བསྡུར་ན་འཕར་ཚད་ཅུང་མགྱོགས་སུ་ཕྱིན་ཡོད།

    གྲངས་འཛིན་འཛད་སྤྱོད་ཀྱི་ཟོག་འགྲུལ་འཕེལ་རྒྱས་ཅུང་མགྱོཌ་ཤིང་། ཟླ་དང་པོ་ནས་ལྔ་པའི་བར། ཚན་པ་དང་གྲོང་མིའི་དངོས་ཟོག་གི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་4.0%འཕར་བ་དང་། ཐད་གཏོང་དྲ་ཚོང་གི་སིལ་ཚོང་དངུལ་འབོར་6.9%འཕར་ནས་འཕར་ཚད་ཟླ་དང་པོ་ནས་བཞི་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.2མགྱོགས་སུ་ཕྱིན་ཏེ། ལས་རྣམ་གསར་པ་དང་བྱེད་སྟངས་གསར་པས་དམངས་འཚོའི་རིགས་ཀྱི་ཟོག་འགྲུལ་དགོས་མཁོར་འཕར་ཤུགས་རྒྱུན་མཐུད་མཁོ་འདོན་ཐུབ་ཡོད། ཟླ་ལྔ་པར། དྲ་ཚོང་ཟོག་འགྲུལ་ལས་འབོར་གྱི་སྟོན་གྲངས་དང་གྲོང་གསེབ་ཀྱི་དྲ་ཚོང་ཟོག་འགྲུལ་ལས་འབོར་གྱི་སྟོན་གྲངས་128.3དང་126.8སོ་སོར་ཟིན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།