དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོན་བོད་མཉམ་འབྲེལ་སྨན་བཅོས་ཞབས་ཞུ་སྤེལ། ས་མཐོའི་ནད་པའི་སེམས་ལ་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-08

    “ཨེམ་ཆི་ལགས། ང་ཚོ་མངའ་རིས་ནས་ཆེད་མངགས་ཕྲུ་གུའི་ན་ཚ་ལྟ་བར་ཡོང་བ་ཡིན” ཉེ་ཆར། བོད་རང་སྐྱོང་ལྗོངས་བུད་མེད་དང་བུ་བཙའི་སྨན་ཁང་གིས“རྒྱལ་སྤྱིའི་བརྒྱལ་གཟེར་ནད་པར་གཅེས་སྐྱོང་བྱེད་པའི་ཉིན་མོའི” བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤྱི་ཕན་འོས་འགན་སྨན་བཅོས་དང་། རིག་གཞུང་སློབ་ཁྲིད། ལག་རྩལ་དམར་ཁྲིད་བཅས་གཞི་གཅིག་ཅན་གྱི་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཏན་ཏིག་བཏང་ནས་སྤུས་ལེགས་སྨན་བཅོས་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་བྱ་ཆེད། བོད་རང་སྐྱོང་ལྗོངས་བུད་མེད་དང་བུ་བཙའི་སྨན་ཁང་གིས་སྤུས་ལེགས་ཐོན་ཁུངས་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ཧྭ་ཤིས་སྨན་ཁང་གཉིས་པའི་རིགས་གཅིག་མཁས་ཅན་ཚོགས་པ་ལེ་དབར་སྟོང་ཙམ་ཆོད་པའི་བོད་དུ་སྨན་བཅོས་བྱེད་པར་གདན་དྲངས་ནས། སྤྱི་ཕན་སྨན་བཅོས་དང་རིག་གཞུང་རོགས་སྐྱོར་ལས་དོན་དུས་གཅིག་ཏུ་སྤེལ་བས། ས་མཐོའི་མང་ཚོགས་ལ་ཁྱིམ་གྱི་སྒོ་རྩ་ནས་རྒྱལ་ཁབ་རིམ་པའི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་སྒྲིག་ལམ་གོ་རིམ་ལྡན་པ་དང་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཤིང་། སྨན་པ་བསྟེན་པར་ཡོང་མཁན་མང་ཚོགས་རྒྱུན་ཆད་རྒྱུ་མེད། དགེ་རྒན་ཆེ་མོ་བ་ལུའོ་རུང་དང་ཡུས་ཐའོ་སོགས་བསླབ་རྒན་རིགས་གཅིག་མཁས་ཅན་ཚོགས་པས་ཉིན་གང་རིང་ལས་གནས་བརྟན་སྲུང་དང་། ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོས་ནད་ཕོག་པའི་བྱིས་པའི་ནད་གཞི་འདྲི་རྩད། ནད་བརྟག་སྨན་བཅོས་ཞིབ་ཚགས། ས་མཐོའི་བྱིས་པའི་གཟུགས་པོའི་ཁྱད་ཆོས་དང་། འཚོ་བའི་ཁོར་ཡུག ནད་གཞི་ཕོག་སླ་བའི་ཁྱད་ཆོས་བཅས་དང་ཟུང་འབྲེལ་བྱས་ཏེ། ནད་གཞི་ཕོག་པའི་བྱིས་པ་ཚང་མར་ནད་བསྟུན་སྨན་བཅོས་ཇུས་གཞི་དང་། ཚན་རིག་དང་མཐུན་པའི་སྨན་སྤྱོད་མཛུབ་ཁྲིད། ཁྱིམ་སྡོད་དྲག་སྐྱེད་འཆར་གཞི་བཅས་བཟོས་པ་རེད།

    ད་ཐེངས་ཀྱི་འོས་འགན་སྨན་བཅོས་ཀྱི་མྱོང་ཚོར་སྐོར་གླེང་སྐབས། ལུའོ་རུང་གིས“དེ་རིང་ཐག་རིང་ནས་སྨན་པ་བསྟེན་པར་ཡོང་མཁན་མི་ཉུང་བ་ཞིག་འདུག་པས། མང་ཚོགས་ལ་སྨན་བཅོས་དགོས་མཁོ་ཆེན་པོ་ཡོད་པ་དངོས་སུ་ཚོར་བྱུང་ལ། ས་མཐོའི་བྱིས་པའི་དབང་རྩའི་ཆེད་ཚན་གྱི་སྨན་བཅོས་ཐོན་ཁུངས་སྔར་བཞིན་ཁ་ཐང་པོ་ཡོད་པའང་གསལ་པོ་ཤེས་བྱུང་། གོམ་སྟབས་རྗེས་མར། ཧྭ་ཤིས་སྨན་ཁང་གཉིས་པའི་བོད་ལྗོངས་ཁུལ་གྱི་སྨན་ཁང་གིས་བརྒྱལ་གཟེར་དང་དེ་བཞིན་རིགས་ཁག་གི་བྱིས་པའི་དབང་རྩའི་ནད་བརྟག་སྨན་བཅོས་ལས་དོན་རྒྱུན་མཐུད་སྤེལ་རྒྱུ་མ་ཟད། ང་རང་ཡང་འབྲེལ་ཡོད་རོགས་སྐྱོར་ལས་དོན་ནང་མུ་མཐུད་ཞུགས་འདོད་ཆེན་པོ་ཡོད”ཅེས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།