དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཉིང་པོ་དང་ཁོ་ལོན་པོའི་གྲོང་ཁྱེར་གྱི་ཤེས་དཔལ་གླེང་མོལ་བྱེད་སྒོ་ཁོ་ལོན་པོར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-08

    ཉིན་ཤས་གོང་། སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར“ཐུག་འཕྲད·དཔྱད་གཞིར་འཛིན་པའི”ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་བྱེད་སྒོ་སྟེ“ཀྲུང་གོའི་ཉིང་པོས་སི་རི་ལན་ཁའི་ཁོ་ལོན་པོར་གླེང་མོལ་བྱེད་པའི”བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོས“མཚོ་ཁའི་གྲོང་ཁྱེར་འཕེལ་རྒྱས་ཁྲོད་ཀྱི་རིག་གནས་འཛུགས་སྐྱོང”བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཀྲུང་སི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་བསྟར་བྱས་ཏེ་རིག་གནས་ཀྱིས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ནས་རྒྱལ་ཁབ་གཉིས་པོའི་དམངས་སེམས་སྔར་བས་སྦྲེལ་མཐུད་བྱ་རྒྱུ་དེ་རེད།

    ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཧུའུ་ཁའེ་ཧུང་དང་། སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆི་ཀྲེན་ཧུང་། ཁོ་ལོན་པོ་གྲོང་ཁྱེར་གྱི་ཧྲི་ཀྲང་པར་ཐ་ཀྲ་བཅས་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད། ཉིང་པོ་དང་ཁོ་ལོན་པོ་གྲོང་ཁྱེར་སྲིད་གཞུང་གི་འཐུས་མི་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། མཐོ་སློབ་ཀྱི་མཁས་དབང་། ཁེ་ལས་ཀྱི་འཐུས་མི། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་180ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ཧུའུ་ཁའེ་ཧུང་གིས་བརྗོད་དོན། ཀྲུང་གོ་དང་སི་རི་ལན་ཁ་ནི་ཨེ་ཤེ་ཡའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཅིག་ཡིན་པ་དང་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཡོད། སང་ལོ་ཀྲུང་སི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པས་ད་ཐེངས་ཀྱི་བྱེད་སྒོ་འགོ་འཛུགས་སར་བྱས་ཏེ“འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། བསྟུན་མཁས”བཅས་ཀྱི་ཤེས་དཔལ་འདུ་ཤེས་མཐའ་འཁྱོངས་ཀྱིས་སྤེལ་རེས་ལ་བརྟེན་ནས་ཕན་ཚུན་ཤེས་རྟོགས་ཐུབ་པར་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་གཉིས་ཁེར་སྐུལ་འདེད་གཏོང་བ། ཕན་ཚུན་དཔྱད་གཞིར་འཛིན་པར་བརྟེན་ནས་མཉམ་དུ་ཡར་རྒྱས་འགྲོ་བ། མི་ཆོས་རིག་གནས་ཀྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་གཏོང་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་སིའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་གཉིས་ཁེ་གཉིས་ཕན་གྱི་ལེའུ་གསར་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།