ཀྲེ་ཅང་དབྱི་ཝུའུ་ཡི་ཚ་གདུག་སེལ་བའི་ཐོན་རྫས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།

ཡོ་རོབ་ཏུ་ཚ་བ་མུ་མཐུད་ཆེ་རུ་སོང་བའི་རྐྱེན་གྱིས། ཀྲེ་ཅང་དབྱི་ཝུའུ་ཡི་ཉི་འགོག་ཞྭ་མོ་དང་། རིག་ནུས་གློག་སྒུལ་རླུང་འཁོར། སྒུལ་བདེའི་བསིལ་རླུང་འཕྲུལ་ཆས། འཁྱེར་བདེའི་ཆབ་རོམ་བཟོ་འཕྲུལ་སོགས་ཀྱི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད། གཞན་ཡང་། ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་དུ་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་པས་ཉི་འོད་འགོག་པ་དང་ཚ་གདུག་སེལ་བ་སོགས་ཀྱི་ཚོང་རྫས་ཉོ་སྒྲུབ་བྱེད་བཞིན་ཡོད་ཅིང་། འདི་ནི་ཉེ་ཆར་ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་དུ་ཨེ་ཅིབ་ནས་ཡོང་བའི་ཚོང་འགྲུལ་པས་འཁྱེར་བདེའི་གློག་སྒུལ་རླུང་འཁོར་ཆུང་གྲས་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།