ལི་ལེན་ཁྲེང་། གྱོང་འཁུར་ཕོད་མཁན་ཞིག་བྱེད་དགོས།

འདི་ནི་ལི་ལེན་ཁྲེང་གིས་ཤིས་ཤིན་ཀྲོང་གྲོང་ཚོའི་ཞིང་ལས་རིག་ལྡན་ཐོན་ལས་གླིང་ཞིག་ཏུ་ཀྲོ་མ་ཀྲུ་ཡི་སྐྱེ་འཚར་གནས་ཚུལ་ལ་ལྟ་བཞིན་པ།

འདི་ནི་ལི་ལེན་ཁྲེང་ཡིན་པ།

འདི་ནི་ལི་ལེན་ཁྲེང་གིས་ཤིས་ཤིན་ཀྲོང་གྲོང་ཚོའི་བུ་བཅོལ་ཁང་ཞིག་ཏུ་ཕྲུ་གུ་ཚོ་དང་སྤེལ་རེས་བྱེད་བཞིན་པ།
“ལས་བྱེད་པ་ཞིག་ཡིན་ཕྱིན་ཁོག་པ་ཡངས་པོ་བྱེད་དགོས”--ཧོ་ནན་ཞིང་ཆེན་ཕུ་དབྱང་རྫོང་ཆིང་ཙུའུ་གྲོང་རྡལ་ཤིས་ཤིན་ཀྲོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་ཁའི་རྡོ་རིང་ཞིག་གི་སྟེང་དུ་ཡིག་འབྲུ་དམར་པོ་དགུ་བརྐོས་ཡོད་པ་དེ་ནི་ལི་ལེན་ཁྲེང་གི་གདམས་ངག་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་འདིར་ལི་ལེན་ཁྲེང་ནི“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཀྱི་མིང་འདོན་གྲོས་འགོའི་འོས་མི་བརྒྱད་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
1991ལོའི་ཟླ་8པར་ལི་ལེན་ཁྲེང་ཤིས་ཤིན་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་ནས་བཟུང་བགྲང་བྱ་30ལྷག་ཙམ་རིང་གྱོང་འཁུར་ཕོད་པ་དང་། ལེགས་སྐྱེས་འབུལ་བར་སྤྲོ་བ། དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐོག་མའི་བསམ་འདུན་གྱི་རྒྱང་ལམ་ཐོག་སྐྱོད་འགོ་ཚུགས།
བགྲང་བྱ་30ལྷག་ཙམ་རིང་ལི་ལེན་ཁྲེང་གིས་ཤིས་ཤིན་ཀྲོང་གྲོང་ཚོའི་སྣེ་ཁྲིད་དེ་དབུལ་ཕོངས་རྗེས་ལུས་ཀྱི་རྨ་ཆུའི་ཕྱེད་གྲམ་ཁུལ་གྱི་གྲོང་ཚོ་དེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་འཕེལ་རྒྱས་བཏང་ཡོད། ཁོང་གིས་མཐའ་འཁོར་གྱི་གྲོང་ཚོ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རོགས་བྱས་ཏེ་གྲོང་གསེབ་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་སློབ་གླིང་དུ་འོས་འགན་སློབ་ཁྲིད་ཐེངས་ཆིག་སྟོང་ལྷག་ཙམ་བྱས་པར་གསོ་སྦྱོང་ནང་ཞུགས་མཁན་མི་ཐེངས་ཁྲི་10ལྷག་ཙམ་ཟིན་ཡོད།
གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིར་བདམས་རྗེས་ལི་ལེན་ཁྲེང་གིས་གྲོང་མིའི་སྣེ་ཁྲིད་དེ་སྔོ་ཚལ་དྲོད་ཁང་ཆེ་མོ་གཉེར་སྐྱོང་བྱེད་འགོ་བཙུགས་པ་དང་དུས་མཚམས་ངེས་ཅན་ཞིག་ཏུ་འཕེལ་རྒྱས་བྱུང་རྗེས་ཁོང་གིས་བབ་བསྟུན་ངང་མ་རྐང་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཚོར་བསྐྱར་སྐྱེས་ཤོག་བུ་བཟོ་གྲྭ་བཙུགས་ཏེ་བཟོ་ལས་འཕེལ་རྒྱས་གཏོང་བའི་སེམས་ཐག་བཅད།
ཁོང་གིས་དུད་ཚང་རེ་རེ་བཞིན་ལ་སྐུལ་སློང་བྱས་ཏེ་མ་དངུལ་སྒོར་ཁྲི་21གྲབས་གསོག་ཐུབ་ཀྱང་སྔར་བཞིན་མ་དངུལ་ཁ་ཐང་པོ་བྱུང་ཡོད། གྲོང་ཚོ་འཕེལ་རྒྱས་གཏོང་ཆེད་ལི་ལེན་ཁྲེང་གིས་སྒོར་ཁྲི་6བཏོན་ཏེ་མ་རྐང་ནང་མི་ཞུགས་པ་དང་བགོ་འགྲེམས་མི་རྒྱག་པར་ཡོང་འབབ་བྱུང་ཚེ་ཚང་མའི་ཡིན་པ་དང་མ་རྩ་བརྡིབས་ཚེ་རང་ཉིད་ཀྱིས་ཁས་ལེན་རྒྱུའི་སེམས་ཐག་བཅད། ཤོག་བུ་བཟོ་གྲྭ་ཚོད་ལྟ་ཐོན་སྐྱེད་བྱེད་པའི་ལོ་དང་པོར་མ་རྐང་ནང་ཞུགས་པའི་དུད་ཚང་ཚང་མར་ཁེ་སྤོགས་སྒོར་ཁྲི་12.7བྱུང་ནས་ཤིས་ཤིན་ཀྲོང་འཕེལ་རྒྱས་འགྲོ་བའི་ལམ་བུ་གསར་པ་ཕྱེ་ཡོད།
ཤོག་བུ་བཟོ་གྲྭ་རྒྱས་ཤོས་སྐབས་སུ་ལི་ལེན་ཁྲེང་གིས་རྐང་བདག་གཞན་དག་ལ་བསམ་བློའི་སློབ་གསོ་གཏོང་ཐབས་བྱས་ཏེ་སྒོར་ཁྲི་200རི་བའི་ཤོག་བུ་བཟོ་གྲྭ་དེ་རིན་ཐང་སྒོར་ཁྲི་68བྱས་ནས་གྲོང་ཚོ་ཡོངས་ལ་ནང་བཤུག་བཏང་སྟེ་གྲོང་ཚོ་ཡོངས་ཀྱི་ཞིང་དུད་ཚང་མ་རྐང་བདག་དང་དུད་ཚང་ཚང་མར་བཟོ་པ་ཡོད་པར་བྱས་ཡོད། ལི་ལེན་ཁྲེང་གིས“རྐང་བདག་ཚོར་བསམ་བློའི་སློབ་གསོ་རྒྱག་པར་ལས་སླ་པོ་གཏན་ནས་མེད། ཁྱེད་ཀྱིས་ལས་ཀ་བྱས་ཏེ་གྱོང་འཁུར་ཕོད་ཚེ་གཞི་ནས་ཁོང་ཚོས་ཡིད་ཆེས་ཀྱིས་ཁྱེད་ཀྱི་རྗེས་སུ་འབྲང་སྲིད”ཅེས་བཤད།
བགྲང་བྱ་30ལྷག་ཙམ་རིང་གཞི་རིམ་དུ་གཞི་ཚུགས་ཏེ་ལི་ལེན་ཁྲེང་གིས་གྱོང་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་སྤྲོ་བའི་ཐོག་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་བསྐྱོད། གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད་གཞི་རིམ་ལས་བྱེད་པ་དེ་བས་མང་བས་འགན་འཁྲི་དོན་འཁྱོལ་དང་སྒེར་དོར་གཞུང་སྒྲུབ་བྱས་ཏེ་ཐོན་ལས་དར་རྒྱས་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་ཞིག་གྲོང་གསེབ་ཀྱི་ཡངས་པའི་ས་གཞི་ཆེན་པོར་འདིང་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།