དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཨོ་རྩལ་རིག་གནས་སློབ་གྲྭར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-08


    འདི་ནི་སློབ་མ་ཞིག་གིས་རང་ཉིད་ཀྱིས་བྲིས་པའི་རི་མོ་སྟོན་བཞིན་པ།

    འདི་ནི་སློབ་མ་ཚོས་ལས་དོན་པའི་སློབ་སྟོན་འོག་བྲག་འཛེག་ཉམས་ལེན་བྱེད་བཞིན་པ།

    ཉེ་ཆར། “སྦྱོང་བརྡར་བྱེད། འབྱུང་འགྱུར་ཕྱོགས”——“ཨོ་རྩལ་འགྲན་ཚོགས་དགའ་བས་བསུ”ཞེས་པའི་ཨོ་རྩལ་རིག་གནས་སློབ་གྲྭར་སྤེལ་བའི་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་ཆུང་དུ་སྤེལ་བ་རེད། བྱེད་སྒོར་དྲག་རྩལ་དང་། བྲག་འཛེག རྐང་རྩེད་སྤོ་ལོ། ཕི་ལི་ཞབས་བྲོ། རི་མོ་སོགས་མཉམ་འགུལ་སློབ་ཁང་ཆེན་པོ་ལྔ་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ལུས་རྩལ་དང་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣས་ཕྲུ་གུའི་དབར་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ། ཕྲུ་གུ་མི་རེ་ངོ་རེའི་སེམས་ལ་ཡར་རྒྱས་བརྩོན་ལེན་དང་རྒྱུན་ཆད་མེད་པར་ཚད་བརྒལ་བརྩོན་པའི་སྙིང་སྟོབས་བསྐྱེད་པར་བྱས་ཐོག ལུས་རྩལ་སྦྱོང་བརྡར་ཁྲོད་ནས་སྤྲོ་སྣང་འཕེལ་བ་དང་སྙིང་སྟོབས་ལ་ཞུན་བརྡར་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།