དབུ་ཤོག>གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱིས་དམངས་ཡོངས་དཔེ་ཀློག་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-08

    ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས“རིག་དཔལ་ཕྱོགས་བཞིར་དར། ཁྲེང་ཀོན་གྱི་དཔེ་ཀློག”ཅེས་པའི་དམངས་ཡོངས་དཔེ་ཀློག་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་ཁོངས་གཏོགས་ཁུལ་གྱི་སྤྱི་གླིང་དཔེ་དེབ་ཁང་དུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་བཀོད་སྒྲིག་ཚགས་ཚུད་པ་དང་། ཁྱད་ལྡན་ཕྱོགས་བསྡུས་མཚོན་རྟགས་དང་བརྗོད་དོན་གཙོ་བོའི་འགྲེམས་པང་གིས་དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་བཏོད་ཅིང་། བཞུཌ་མོལ་རྣམ་པའི་སྡོད་གནས་བཀོད་སྒྲིག་ལས་རྩོམ་པ་པོ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ས་གནས་འདི་གའི་ལོང་བའི་རྩོམ་པ་པོ་ཉི་མ་དབང་འདུས་གདན་དྲངས་པ་དང་། ཁོང་གིས་རང་ངོས་ཀྱི་འབད་བརྩོན་ལྷོད་མེད་བྱས་པའི་མི་ཚེའི་ཉམས་མྱོང་དང་རྩོམ་རིག་གསར་རྩོམ་གྱི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་ཁྱིམ་སྲོལ་འཛུགས་སྐྱོང་དང་། ཕ་མ་བུ་ཕྲུག་གི་འབྲེལ་གཏུག རྒྱུན་གཏན་གྱི་དཔེ་ཀློག་གོམས་གཤིས་སྐྱེད་སྲིང་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་གཞིར་དམིགས་ཏེ་གསུང་རབ་ཁག་ནང་འཁོད་པའི་མི་སྣ་གསོ་སྐྱོང་གི་བློ་གྲོས་གསལ་འགྲེལ་དང་། ཁྱིམ་སྲོལ་བཟང་པོས་ཁྱིམ་ཚང་འཆམ་མཐུན་དང་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བར་ཕན་པ་ཆེན་པོ་ལྡན་པའི་སྐོར་གསལ་འགྲེལ་བྱས་པ་མ་ཟད། རྒྱ་ཆེའི་ཁྱིམ་ཚང་ལ་ཕ་མ་བུ་ཕྲུག་ཚང་མར་དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།