“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་9.7%འཕར་བ།
འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཚེས་6ཉིན། གསར་འགོད་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འབྲེལ་ཡོད་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱས་ནས། “ཞིང་གསུམ”བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཞིང་ལས་དང་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་ཡོད། དེའི་ནང་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་9.7%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས་ངོ་སྤྲོད་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་ཀྱི་བཤོལ་འགོག་སློབ་སྐྱོང་རྒྱུན་མཐུད་སྐབས་བསྟུན་གཙང་བཟོ་ཐུབ་པར་བྱས་པ་དང་། སྨན་བཅོས་གྲོན་དངུལ་རོགས་སྐྱོབ་ཆུ་ཚད་90%ཙམ་མཐོ་རུ་ཕྱིན་པ། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་1.59སྒྱུར་བཀོད་བྱས་པ། དབུལ་སྒྲོལ་ཐུབ་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལས་བརྒལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་ཁྱད་2.8ནས་2.5བར་ཆུང་དུ་ཕྱིན་པ། ཡོང་འབབ་ཀྱི་བང་རིམ་2020ལོའི་རྒྱལ་ཡོངས་ཀྱི་ཨང་23ནས་2025ལོའི་ཨང་18བར་འཕར་ཡོད། རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་454.62འཛུགས་སྐྲུན་བྱས་པ་དང་། ཞིང་ལས་ཀྱི་གཙོ་ཁྲིད་རྫས་སྣ་དང་གཙོར་བཟུང་ཁྱབ་གདལ་ལག་རྩལ་དམིགས་སར་འབྱོར་ཚད་95%ཡན་ཟིན་པ། ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་9.5%འཕར་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་10.3%འཕར་བ། 2025ལོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི་115ཟིན་པ། ཤ་དང་། སྒོ་ང་། འོ་མ། སྔོ་ཚལ་བཅས་ཐོན་ཚད་ཏུན་ཁྲི་100ལས་བརྒལ་ནས་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། རིམ་རྩིས་བརྒྱབ་ན་ས་མཐོའི་མཛེས་མཐུན་གྲོང་གསེབ་1000བསྐྲུན་པ་དང་། གྲོང་གསེབ་ཀྱི་དུད་ཚང་དུ་གསང་སྤྱོད་ཁྱབ་ཚད་དང་མི་ཕྱུགས་ལོགས་སུ་དབྱེ་ཚད་84.41%དང་98.95%སོ་སོར་ཟིན་ཡོད། “བཅའ་ཁྲིམས་གོ་ཤེས་ཅན”ཁྲི་2.27ལྷག་ཙམ་བདམས་པ་དང་། ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་དངོས་ཚན་ཅན་གྱི་འཁོར་རྒྱུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་661བཙུགས་པ། གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་ཚད་95.52%ཟིན་ཡོད། འབྲུ་སྣུམ་ཐོན་སྐྱེད་པ་དང་། ཆེད་ལས་ཞིང་འཕྲུལ་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་སྣེ་ཁྲིད་པ་སོགས་མི་ཐེངས་ཁྲི་1.63ལ་གསོ་སྦྱོང་བྱས་པ་དང་། ལོ་ལྟར་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཞིང་འབྲོག་ཚན་རྩལ་པ་5000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྤེལ་དང་ལག་རྩལ་འགན་གཙང་འགན་ལེན་གཏིང་ཟབ་བྱས་ནས་ཤེས་ལྡན་པའི་འདེགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།