ཞི་ཅིན་ཕིང་གིས་ཐེང་སེན་ཆིན་ཙི་ཕེ་རུའི་ཙུང་ཐུང་ལ་བདམས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེང་སེན་ཆིན་ཙི་ལ་གློག་འཕྲིན་བཏང་ནས། ཁོང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕེ་རུ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད། ཕྱོགས་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་མང་དུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། མི་དམངས་དབར་གྱི་མཛའ་མཐུན་ཡང་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ད་ལོ་ནི་ཀྲུང་གོ་དང་ཕེ་རུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ལོ་རེད། ངས་ཀྲུང་ཕེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སླད་ཕྱིན་ཙུང་ཐུང་ལ་བདམས་པའི་ཐེང་སེན་ཆིན་ཙི་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་མུ་མཐུད་རྒྱུན་འཛིན་དང་། ཀྲུང་ཕེའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།
ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཕེ་རུའི་ཙུང་ཐུང་གཞོན་པ་ཨང་དང་པོར་བདམས་པའི་ཅཱ་ལ་ལེ་ཐཱ་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།