མདོ་ལའི་འདབས་སུ་བང་རྩལ་འགྲན། མི་རིགས་མཐུན་སྒྲིལ་མེ་ཏོག་མཚར།

འདི་ནི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་སུའོ་ལང་ཀེ་རྟ་རྒྱུག་ར་བར་མི་རིགས་ཁག་གི་འགྲན་ཞུགས་པས་རྔ་མོང་གི་བང་རྩལ་འགྲན་བཞིན་པ།

འདི་ནི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་སུའོ་ལང་ཀེ་རྟ་རྒྱུག་ར་བར་རྟ་པས་རྟ་ཐོག་ནས་ཁ་བཏགས་སྒྲུག་བཞིན་པ།
ཉེ་ཆར། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མི་རིགས་རྟ་རྩལ་རྣམ་གྲངས་ཀྱི་སུའུ་ནན་ཡན་ལག་རྒྱུག་རའི་འགྲན་བསྡུར་སུའུ་ནན་རྫོང་སུའོ་ལང་ཀེ་རྟ་རྒྱུག་ར་བར་འགོ་ཚུགས་ཤིང་། ལན་ཀྲོའུ་དང་། ཅ་ཡུས་ཀོན། ཅིན་ཁྲང་། ཀྲང་ཡེ་སོགས་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་14དང་། ལན་ཀྲོའུ་ཁུལ་གསར་གྱི་བོད་རིགས་དང་། སོག་རིགས། ཡུས་ཀུའུ་རིགས། ཧོར་རིགས། ཡུ་གུར་རིགས་སོགས་ཀྱི་འགྲན་ཞུགས་པ་119མདོ་ལའི་འདབས་སུ་འཛོམས་ཏེ། ཉིན་3རིང་གི་མི་རིགས་རྟ་རྒྱུག་དང་རྔ་མོང་གི་བང་རྩལ་འགྲན་པའི་རིག་གནས་ལུས་རྩལ་འགྲན་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།