དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་སུ“སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་སྨན་འཚོལ་རོགས་བྱེད་པའི”བྱེད་ནུས་ཤར་གཏོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-07

     སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་དེ་བས་སྟབས་བདེ་རུ་གཏོང་ཆེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས། “སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་སྨན་འཚོལ་རོགས་བྱེད་པའི”བྱེད་ནུས་གསར་སྤེལ་བྱས་ཏེ། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་སྨན་བཅོལ་འགན་བཅོལ་གྱི་སྨན་རྫས་དང་དེ་བཞིན་རྒྱལ་ཁབ་ཚོང་ལས་འགན་བཅོལ་གྱི་གསར་གཏོད་སྨན་རྫས་ས་ཆ་གང་ནས་ཉོ་ཐུབ་མིན་འཚོལ་རོགས་བྱེད་ཐུབ་པས། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་སྨན་ཉོ་སྐབས་དེ་བས་ནུས་ཆེ་དང་། དེ་བས་ཁ་གསལ། དེ་བས་སྟབས་བདེ་བཅས་ཡོང་བར་བྱས་ཡོད།

    “སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་སྨན་འཚོལ་རོགས་བྱེད་པའི”བྱེད་ནུས་ལས་སྨན་གང་རུང་ཞིག་ཟླ་བ་གཅིག་གི་ནང་ཚུན་དུ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའམ་ཡང་ན་དམིགས་འཛུགས་སྨན་རྫས་ཚོང་ཁང་གང་ཞིག་ནས་མཇུག་རྩིས་བརྒྱབ་པའི་གསལ་ཐོ་འཚོལ་ཐུབ་པ་མ་ཟད། ཉིན་ལྟར་གྲངས་གཞི་བརྗེ་སྒྱུར་ཐུབ་ཀྱི་ཡོད། བྱེད་ནུས་དེ་རྒྱལ་ཡོངས་ཀྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་དང་དམིགས་འཛུགས་སྨན་རྫས་སིལ་ཚོང་ཁང་ཚང་མར་ཁྱབ་པ་མ་ཟད། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་སྨན་རྫས་དང་། དེ་བཞིན་སྨན་རྫས་གསར་པ་འཚོལ་བཤེར་གནད་སྨིན་ཐུབ་ཀྱི་ཡོད།

    མང་ཚོགས་ཀྱིས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་APP རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་གཏོང་སྤྲོད་འབོའི་བྱ་རིམ་ཆུང་ངུ་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བཅས་ལས་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པ་དང་། བཀོལ་སྤྱོད་བྱེད་བདེ་ལ་ཤེས་སླ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།