དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསར་བརྗེའི་ས་གཞིར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

    ཧུའུ་ནན་ཧྲའོ་ཧྲན་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲེན་ཀྲི་ལིན།   |     སྤེལ་དུས།  2026-07-07

    ཧུའུ་ནན་ཧྲའོ་ཧྲན་གྲོང་ཁྱེར་གྱི་ཧྲའོ་ཧྲན་རི་བོ་སྔོ་ལྗང་གོས་ཀྱིས་བཀླུབས་ཤིང་། ཀྲུང་གུང་ཧྲའོ་ཧྲན་དམིགས་བསལ་ཀྲི་པུའུ་ཡི་ལོ་རྒྱུས་བཤམས་སྟོན་ཁང་དུ་འགྲེལ་བཤད་པ་ཝུའུ་ཧྲི་ཁྲོན་གྱིས་ཞིབ་སློབ་ལ་ཡོང་བའི་ཕྲུ་གུ་ཚོར“1925ལོའི་ཟླ་6པར་བློ་མཐུན་མའོ་ཙེ་ཏུང་གི་ཁྱིམ་དུ་ཏང་ཡོན་གསར་པ་ཏང་ལ་ཞུགས་པའི་མཛད་སྒོ་འཚོགས་པ་དང་འབྲེལ། ཀྲུང་གུང་ཧྲའོ་ཧྲན་དམིགས་བསལ་ཀྲི་པུའུ་བཙུགས་པ་རེད”ཅེས་འགྲེལ་བཤད་རྒྱག་བཞིན་ཡོད་པ་དང་། བཤམས་སྟོན་ཁང་གི་པར་རྙིང་པ་དང་འདྲ་བཟོའི་རྣམ་པ་ལས་སྤྱིར་བཏང་མིན་པའི་ལོ་ཟླ་མི་རྣམས་ཀྱི་དྲན་པའི་ཡོལ་གོར་འཆར།

    2020ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས“ཧུའུ་ནན་ནི་གསར་བརྗེའི་ས་གཞི་གཤིན་པོ་ཞིག་ཡིན་པ་དང་གུང་ཁྲན་ཏང་མི་འབོར་ཆེན་ཞིག་གིས་ས་གཞི་གཤིན་པོ་དེར་སེམས་འགུལ་ཚད་མེད་ཐེབས་པའི་དཔའ་བོའི་ངོ་མཚར་བཏོད་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས”ཞེས་གསུངས་པ་དང་། 2024ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས“གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་སྲོལ་རྒྱུན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱ་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ་བཅས་བྱས་ནས་དུས་རབས་ཀྱི་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཧྲའོ་ཧྲན་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་མུ་མཐུད་བསྒྱུར་ཏེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གི་འཕེལ་རྒྱས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།

    ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་པ་དང་ལས་བྱེད་མང་ཚོགས་ཚོས་ཐུན་མོང་ཐོག་འབད་འཐབ་བྱས་པ་བརྒྱུད། ད་ཆའི་ཧྲའོ་ཧྲན་གྲོང་ཚོའི་ཞིང་པ་འབྱོར་ཕྱུག་ལྡན་པ་དང་། གྲོང་ཚོ་མཛེས་ལ། ཁོར་ཡུག་ལེགས། ཧྲའོ་ཧྲན་གྲོང་ཚོའི་ཡུལ་མི་མའོ་ཞའོ་ཝུན་དང་མའོ་ཀུའུ་ཧྭ་གཅེན་གཅུང་གཉིས་ཀྱིས་རང་ཁྱིམ་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་བ་དང་། གྱང་ངོས་སུ“ཏང་ཡོན་གྱི་གཉེར་སྐྱོང་དུད་ཚང”ཞེས་འཁོད་པའི་བྱང་བུ་བཀལ་ཡོད། འདི་ནི་ཧྲའོ་ཧྲན་གྲོང་ཁྱེར་གྱི་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། གསར་བརྗེའི་ཐོན་ཁུངས་ལ་དམིགས་ནས་ཞིབ་སློབ་དང་། གསོ་སྦྱོང་། བཟའ་བཏུང་། ཞག་སྡོད་སོགས་ལས་རྣམ་མི་འདྲ་བ་གཉེར་ཞིང་། ཧྲའོ་ཧྲན་གྲོང་ཚོའི་ཡུལ་མི་5000ལྷག་ཙམ་ཁྲོད་ནས་བཅུ་ཆ་བདུན་ཙམ་གྱིས་གསར་བརྗེའི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་རིགས་གཉེར་གྱི་ཡོད།

    ཉེ་དུས་དབྱིན་ཐེན་གྲོང་ཚོར་སླར་ཡང་འགྱུར་ལྡོག་གསར་པ་བྱུང་བ་སྟེ། གྲོང་ཚོའི་མཉམ་སྡེབ་ཀྱི་མུའུ་ཁྲིའི་དཔེ་སྟོན་ཞིང་རའི་འགྲམ་དུ་ཞིང་ལས་དང་། རིག་གནས། ཡུལ་སྐོར། སློབ་སྦྱོང་བཅས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་དང་། ཏང་རྩ་འཛུགས་ཀྱིས་ཡུལ་མིའི་སྣེ་ཁྲིད་དེ་དབྱིན་ཐེན་ཞིང་སྡེ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་ཡུལ་མི་ལུའུ་ཝུན་གྱིས་སོ་ནམ་ཞིབ་སློབ་ཀྱི་དམངས་སྲོལ་གནས་ཚང་གཉེར་བས། ད་ལོའི་ཟླ་5པ་ནས་བཟུང་ཟླ་བ་གཅིག་ལྷག་ཙམ་ལ་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད།

    ཁང་པའི་མདུན་དུ་རི་དང་འགྲམ་དུ་ཞིང་རས་བསྐོར་ཞིང་། ཉེ་བའི་ལོ་ཤས་རིང་ཧྲའོ་ཧྲན་གྲོང་ཁྱེར་གྱིས་སློབ་སྦྱོང་བྱེད་སའི་སློབ་ཁང་དེ་གསར་བརྗེའི་རྟེན་གཞིར་སྤོས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཀྲུང་གུང་ཧྲའོ་ཧྲན་དམིགས་བསལ་ཀྲི་པུའུ་ཡི་ལོ་རྒྱུས་བཤམས་སྟོན་ཁང་སོགས་གསར་བརྗེའི་མཛེས་ལྗོངས་ཁུལ་དུ་བསྐྱོད་ནས། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་གཞོལ་ཡོད། 2025ལོར་ཧྲའོ་ཧྲན་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་42997ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཧྲའོ་ཧྲན་གྱིས་སྤུས་ལེགས་སློབ་ཚན་150ཡན་གསར་དུ་བཀོད་སྒྲིག་བྱས་ཏེ་ཧྲའོ་ཧྲན་གྱི་ས་ཁོངས་ཧྲིལ་པོ་དང་ལོ་ཚད་ཀུན་ལ་ཁྱབ་པའི“ཧྲའོ་ཧྲན་སློབ་ཁང་ཆེན་པོའི”བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་མ་ལག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།