དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་ཧྲིལ་པོའི་སྒྲིག་ཆས་གསར་པ་བརྗེ་བའི་དངུལ་སྒོར་དུང་ཕྱུར་2000སྤྲད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-07

    ད་ལོ་ཚུན་དུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱབ་སྐྱོར་ཁྱབ་ཁོངས་ལེགས་གཏོང་དང་། རེ་ཞུའི་བརྒྱུད་རིམ་འཐུས་ཚང་། ཞིབ་དཔྱད་ཚད་ལྡན་བྱེད་པར་ཤུགས་སྣོན། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་ཁག་ཐེངས་གསུམ་ལ་དབྱེ་ནས་སྤྲད་དེ་སྒྲིག་ཆས་གསར་པ་བརྗེ་བར་རྒྱབ་སྐྱོར་བྱས་ཡོད། ལོ་ཧྲིལ་པོའི་སྒྲིག་ཆས་གསར་པ་བརྗེ་བའི་དངུལ་སྒོར་དུང་ཕྱུར་2000མིག་སྔར་སྤྲད་ཟིན་ནས་ཁྱབ་ཁོངས་22ཀྱི་རྣམ་གྲངས་ཁྲི་1.1ཙམ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།

    ད་ལོའི་ཁག་ཐེངས་གསུམ་པའི་སྒྲིག་ཆས་གསར་པ་བརྗེ་བའི་རྣམ་གྲངས་ཀྱི་གསལ་ཐོ་དང་མ་དངུལ་བཀོད་སྒྲིག་གིས་ནུས་རྒྱུའི་གློག་ཤུགས་དང་། ཟོག་འགྲུལ། སློབ་གསོ། རྒན་གསོའི་སྒྲིག་གཞི། དྲ་ཕྱིའི་འཛད་སྤྱོད་ཚོང་ལས་ཀྱི་སྒྲིག་བཀོད། གཉེར་སྐྱོང་ཟོག་འདྲེན་རླངས་འཁོར་རྙིང་པ། སྡོད་ཁང་གི་གློག་སྐས་རྙིང་པ་སོགས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་པ་བརྗེ་བ་དང་ཁུལ་ཆུང་རྙིང་པར་གློག་སྐས་བསྒར་བ་བཅས་ལ་རྒྱབ་སྐྱོར་བྱས་ཡོད།

    སྒྲིག་ཆས་གསར་བརྗེས་མ་དངུལ་གྱིས་ཐོན་ལས་རིམ་སྤོར་མགྱོགས་སུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཤིང་། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། སྒྲིག་ཆས་དང་། ལག་ཆ། ཡོ་བྱད་བཅས་ཉོ་བའི་མ་དངུལ་དུས་མཚུངས་ལས་9.3%མང་དུ་བཏང་ནས་མ་དངུལ་ཡོངས་ཀྱི་བསྡུར་ཚད་17.5%བཟུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.2འཕར་ཡོད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཁག་ལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དངོས་རྫས་ཀྱི་ལས་འབོར་དེ་བས་མང་བ་མགྱོགས་མྱུར་ཆགས་པ། ཀྲུང་དབྱང་གི་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་གང་ལེགས་འདོན་དགོས་པ་བཅས་ཀྱི་ལྕག་སྐུལ་དང་མཛུབ་ཁྲིད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།