དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་གསེང་རིང་ཡུལ་སྐོར་བ་མང་དུ་སོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-07

    འདི་ནི་ཟླ་7ཚེས་5ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་དུ་ཡུལ་སྐོར་བས་སར་སི་གངས་རིའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བརྗིད་ཆགས་ཤིང་ལྟ་ན་སྡུག་པའི་གངས་རིར་ལྟ་བཞིན་པ།

    འདི་ནི་ཟླ་7ཚེས་4ཉིན། ཡུལ་སྐོར་བས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཧྭ་ཆའོ་གྲོང་ངོ་མཚར་གྲོག་རོང་གི་བརྗོད་དོན་གཙོ་བོའི་དགའ་ཚལ་དུ་འཁྱུག་བགྲོད་རྩེད་འཁོར་རྩེ་བཞིན་པ།

    དབྱར་གསེང་རིང་ཡུལ་སྐོར་བ་མང་དུ་སོང་བ་དང་སྦྲགས། ས་ཆ་མང་པོར་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་ཞིང་། ཡུལ་སྐོར་བ་མང་པོས་སོས་དལ་བག་ཕེབས་ཀྱི་དུས་སྐབས་ལོངས་སུ་སྤྱོད་བཞིན་ཡོད།

    ད་ལོའི་དབྱར་གསེང་རིང་། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱིས་ཁྱིམ་ཚང་གི་ཕྱིར་སྐྱོད་དགོས་མཁོར་དམིགས་ནས་ཕྲུག་ཁྲིད་ཡུལ་སྐོར་དང་། ཚ་གཡོལ་ཡུལ་སྐོར། ཞིབ་སྦྱོང་ཡུལ་སྐོར། མཚན་མོའི་ཡུལ་སྐོར་སོགས་ཡུལ་སྐོར་སྐྱོད་ལམ་མང་པོ་བཏོན་པ་མ་ཟད། མཛེས་ལྗོངས་ཁུལ་དང་། དགའ་ཚལ། གསོལ་མགྲོན་ཁང་། འགྲིམ་འགྲུལ། འགྲན་བསྡུར་སོགས་ཁྱབ་ཁོངས་ཚུད་པའི་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་ཀྱང་བཏོན་ནས་ཡུལ་སྐོར་བའི་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།