ཨེ་ཤེ་ཡའི་སྨྱན་སྦྱོར་གྱི་གྲལ་སྒོར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཉིན་ཤས་གོང་། ཨེ་ཤེ་ཡའི་སྨྱན་སྦྱོར་གྱི་གྲལ་སྒོར་ཚོགས་འདུ་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་སུ་འཚོགས་ཤིང་། ཨེ་ཤེ་ཡའི་རྒྱལ་ཁབ་20ནས་ཡོང་བའི་སྨྱན་སྦྱོར་སྒྲིག་གཞི་26གི་འཐུས་མིས“མཐའ་འཁོར་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོགས་འདུའི་ཐོག་ཀྲུང་གོའི་གསར་འགྱུར་བྱ་གཞག་འཕེལ་རྒྱས་དང་། “རྒྱལ་སྤྱིའི་གསར་འགོད་པའི་ཁྱིམ་གཞིས”འཛུགས་པ་དང“རྒྱུད་གཅིག་ལམ་གཅིག”གི་གསར་འགོད་པའི་རྩ་འཛུགས་ཀྱི་མཉམ་ལས་ལས་སྟེགས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཚོགས་ཞུགས་མི་སྣས་སྨྱན་སྦྱོར་ནི་རྒྱལ་ཁབ་དབར་གྱི་མཛའ་གྲོཌ་ཀྱི་སྦྲེལ་ཐག་དང་། དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་སྟོབས་ཤུགས་གལ་ཆེན་བཅས་ཡིན་པས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་ལག་གདང་སྦྲེལ་ནས་ཕན་ཚུན་འཚམས་འདྲི་སྤེལ་རེས་དང་། མཉམ་འབྲེལ་བཅར་འདྲི། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།