ལྷོ་ཁ་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས།
བཅའ་ཁྲིམས་ཁྱབ་གདལ་སྒྲ་ཁུག་ལེ་ཚན་བཏོན་ཏེ“བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་བྱས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་གྲོང་ཁྱེར་ཡོངས་ལ་ཕྱོགས་པའི“བཅའ་ཁྲིམས་ཤེས་མཁན”གྱི་ཆེད་གཏོགས་བཅའ་ཁྲིམས་ཁྱབ་གདལ་སྒྲ་ཁུག་ལེ་ཚན་གསར་གཏོད་རང་བཞིན་གྱིས་བཏོན་པ་དང་། “ཁྲིམས་སྦྱོང་བ་དང་རྟག་ཏུ་ཁྲིམས་ཉན་པའི”རྣམ་པ་གསར་པ་སྤྱད་དེ། གཞི་རིམ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི“མཐའ་མའི་འགག་གནད”བསལ་ཏེ་གཞི་རིམ་ཁྲིམས་བཞིན་བཅོས་སྐྱོང་བྱེད་པར་སྒུལ་ནུས་གསར་པ་བསྣན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བཅའ་ཁྲིམས་ཁྱབ་གདལ་སྒྲ་ཁུག་ལེ་ཚན་གྱིས་གཞི་རིམ་བཅོས་སྐྱོང་དང་། འགལ་བ་འདུམ་འགྲིག དམངས་འཚོ་འགན་སྲུང་་བཅས་ཐོན་མང་བའི་རྣམ་པར་དམིགས་ནས་གྱོད་དཔེ་འགྲེལ་བཤད་དང་། ཁྲིམས་སྲོལ་འགྲེལ་བཤད། དངོས་སྒྲུབ་སྣེ་ཁྲིད་བཅས་ལྟེ་བར་བྱས་ཏེ་དམངས་དོན་ཁྲིམས་གཞུང་དང་། གྲོང་གསེབ་དར་རྒྱས་སྐུལ་སྤེལ་བཅའ་ཁྲིམས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྲོལ་ཡིག་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་གཙོ་གནད་ཐོག་ཁྱབ་གདལ་བཏང་བ་དང་། ནང་དོན་ཁ་གསལ་ལ་གོ་བདེ་ཞིང་དུས་ཡུན་ཐུང་བས། “བཅའ་ཁྲིམས་ཤེས་མཁན”གྱིས་ལས་ཀའི་བར་གསེང་ནས་སློབ་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་ཡོད།
ལྷོ་ཁ་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས། ཐེངས་འདིའི་གསར་གཏོད་གོ་སྐབས་སུ་བྱས་ནས། སྨྱན་སྦྱོར་གསར་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་བཀོད་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི“བཅའ་ཁྲིམས་ཤེས་མཁན”ཚང་མར་རང་འགུལ་ངང་སྦྱོང་བ་དང་། རྒྱུན་དུ་ཉན་པ། བེད་སྤྱོད་ཐུབ་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་དུས་རབས་ཀྱི་ཁྱད་ཆོས་དང་། ཡིད་དབང་འཕྲོག་ནུས། དངོས་ཕན་རང་བཞིན་བཅས་དེ་བས་ལྡན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།