དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07

    ཉེ་ཆར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེའི་དམིགས་ཡུལ་ནི་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ། བོད་དུ་བཅའ་ཁྲིམས་འདི་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》2026ལོའི་ཟླ་7ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་བ་དང་། འདི་ནི་ཡུན་རིང་བདེ་འཁོད་ཀྱི་རྨང་བརྟན་བཅའ་ཁྲིམས་དང་། དམངས་ཕྱུག་བོད་དར་གྱི་སྐུལ་སྤེལ་བཅའ་ཁྲིམས། རྩ་རྒྱུན་སྲུང་བའི་བློ་སྒྲིལ་བཅའ་ཁྲིམས་བཅས་རེད། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་མི་རིགས་ལས་དོན་སྤེལ་སྟངས་ཐོག་མར་ཁ་གསལ་བཟོས་ཡོད། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་སྤེལ་རིང་། ལག་ལེན་གྱི་ཚད་གཞི་དམ་པོར་སྲུང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམིགས་པ། ཁྲིམས་ལྟར་བཅོས་སྐྱོང་གི་གཞི་རྩའི་ཚད་གཞི་བརྟན་པོར་སྲུང་བ་བཅས་བྱས་ནས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་དམངས་སེམས་གཅིག་སྒྲིལ་དང་མཉམ་ཤུགས་གཅིག་སྡུད་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་བཙན་ཐབས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། འཐུས་མིའི་ནུས་པ་འདོན་པ། བཅའ་ཁྲིམས་ཀྱི་ལེ་ལག་ཚང་དུ་གཏོང་བ། ཁུལ་ཡོངས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ། འཕེལ་རྒྱས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤོའུ་ཡིའུ་ཚའེ་དང་ལི་ཝུན་ཀེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲེ་ཐའོ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།