དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    གཞི་རིམ་ནི་ཏང་གི་སྲིད་སྐྱོང་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད་ལ། ལས་དོན་མཐའ་དག་གི་དོན་ལ་བབས་སའང་རེད། ས་གནས་སུ་ཕྱག་ལས་གནང་རིང་ངམ་ཡང་ན་ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས་རྗེས་གང་ཡིན་རུང་། བློ་མཐུན་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ལ་མཐོང་ཆེན་དང་། གཞི་རིམ་ལ་ཐུགས་ཁུར། གཞི་རིམ་དུ་ཟབ་སྐྱོད། གཞི་རིམ་ལ་རྒྱབ་སྐྱོར་བཅས་གནང་སྟེ། གཞི་རིམ་ལ་དམ་འཛིན་བྱས་ནས་རྨང་གཞི་འདིང་རྒྱུ་ཕུགས་ཀྱི་ཇུས་གཞི་དང་རྩ་བ་བརྟན་གཏོང་གི་ཐབས་ཇུས་ལ་འཛིན་དགོས་པ་མཐའ་འཁྱོངས་གནང་བས། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་ལག་ལེན་གྱི་རིན་ཐང་ལྡན་པའི་གཞི་རིམ་་ལས་དོན་སྒྲུབ་སྟངས་རབ་དང་རིམ་པ་འཚོལ་ཞིབ་གནང་ནས་གྲུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་ལས་དོན་སྒྲུབ་སྟངས་ལ་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་ཅིང་། གཞི་རིམ་ནི་གང་འདྲ་ཞིག་ཡིན་པ་དང་། གཞི་རིམ་དུ་ཟབ་སྐྱོད་ཇི་ལྟར་བྱེད་དགོས་པ། གཞི་རིམ་ལ་ཞབས་འདེགས་ཇི་ལྟར་ཞུ་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་གནང་བ་དང་། གཞི་རིམ་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློས་འཁེལ་ཤོས་དང་། གཏིང་ཟབ་ཤོས། ཡུན་རིང་ཤོས་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་རྩ་ལྡན་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    《རྣམ་བཤད་གཅེས་བཏུས》དེ་ཉིད་ཆེད་དོན་ཁག་9ལ་དབྱེ་བ་དང་རྣམ་བཤད་དུམ་བུ་287ཡོད་ཅིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་1983ལོའི་ཟླ་4པ་ནས་2026ལོའི་ཟླ་4པའི་བར་གནང་བའི་སྙན་སྒྲོན་དང་། གསུང་བཤད། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་190ལྷག་ཙམ་ལས་བཏུས་པ་ཞིག་ཡིན་པ་དང་། དེའི་ནང་གི་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།