དབུ་ཤོག
  • གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ་འབབ་པ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-07-06

    ཟླ་7ཚེས་5ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། མ་འོངས་ཉིན་བཅུའི(ཟླ་7ཚེས་6ནས་15ཉིན་བར)རིང་རང་ལྗོངས་སུ་ཆར་པ་ཐེངས་བཞི་འབབ་རྒྱུ་དང་། ཚེས་7ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་ས་ཆ་མང་པོར་ཆར་པ་འབབ་རྒྱུ་དང་དེའི་ནང་ཟླ་7ཚེས་9ནས་13ཉིན་བར། ཉིང་ཁྲི་དང་། ལྷོ་ཁ། ནག་ཆུ། ཆབ་མདོ། གཞིས་རྩེ། ལྷ་ས་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ས་བབ་དམའ་བའི་ས་ཆར་ཆར་པ་ཆེ་བ་འབབ་རྒྱུ། དེའི་རིང་ནག་ཆུ་དང་། ཆབ་མདོ། གཞིས་རྩེ། ལྷ་ས། ལྷོ་ཁ་སོགས་སུ་ཉིན་དགུང་ཡོལ་རྗེས་དུས་ཐུང་གི་དྲག་ཆར་དང་འབྲུག་ཆར་འབབ་པ་དང་། ལྷགས་པ་ཆེན་པོ་རྒྱག་པ། སེར་བ་འབབ་པ་སོགས་ཀྱི་གནམ་གཤིས་བསྟན་རྒྱུ་རེད།

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་7ཚེས་6ཉིན། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། མངའ་རིས་ཀྱི་ཤར་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད། ལྷ་སའི་ཤར་རྒྱུད། ལྷོ་ཁའི་ཤར་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    ཟླ་7ཚེས་7ནས་8ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ཆབ་མདོ་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད། མངའ་རིས་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད་དང་། ལྷ་ས། གཞིས་རྩེའི་ནུབ་རྒྱུད་དང་བྱང་རྒྱུད་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ།

    ཟླ་7ཚེས་9ནས་13ཉིན་བར། ཉིང་ཁྲི་དང་། ལྷོ་ཁ། ནག་ཆུ། ཆབ་མདོ། གཞིས་རྩེ། ལྷ་ས་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ཁྲོད་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཆ་གཞན་དག་ལ་ཆར་པ་ཆུང་བ་འབབ་རྒྱུ།

    ཟླ་7ཚེས་14ནས་15ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། གཞིས་རྩེ་བཅས་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ལྷ་ས་དང་། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོ། ནག་ཆུའི་ནུབ་རྒྱུད་བཅས་ལ་གནམ་འཐིབས་ནས་ཐོལ་ཆར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།