གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་རྒྱ་མཚོས་སྒུལ་ནུས་བསྣན་པ།

འདི་ནི་ཀྲུང་གོ་རྒྱ་མཚོའི་རྡོ་སྣུམ་གྱིས་གཉེར་སྐྱོང་ཞབས་འདེགས་ཞུས་པའི་མཚོ་གཏིང་ཕྱེད་དིམ་རྣམ་པའི་ཁྲོན་འདྲུའི་ལས་སྟེགས“ལྷོ་རྒྱ་མཚོ་ཨང་བརྒྱད་པ”ཡིས་པར་ཙིར་གྱི་ཤར་ལྷོའི་མཚོ་ཁོངས་སུ་ལས་ཀ་བྱས་ཏེ་ས་གནས་དེ་གའི་མཚོ་གཏིང་སྣུམ་རླངས་གསར་སྤེལ་གྱི་མ་གནས་དམའ་རུ་འགྲོ་རྒྱུར་རམ་འདེགས་བྱེད་པ།

འདི་ནི་ཀྲུང་གོའི་མཚོ་ཁུག་གིས་སྐྲུན་འགན་ཁུར་བའི་ཧྲ་ཐེ་ལ་ཧོ་ཁེ་གླིང་ཕྲན་སྦྲེལ་མཐུད་ལམ་དང་མཚོ་སྒྲོལ་ཟམ་པའི་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཡུལ་དུ་རྣམ་གྲངས་ཀྱིས་ས་གནས་དེ་གའི་བྱ་རིགས་ལ་སྲུང་སྐྱོང་བྱེད་ཆེད་བསྐྲུན་པའི་མིས་བཟོས་ངལ་གསོའི་སྟེགས་བུར་ཉ་ཁྲ་ངལ་གསོ་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཐག་རིང་རྒྱ་མཚོ་མཚོ་ཐོག་སྐྱེལ་འདྲེན་དང་ཧན་པའོ་གྲུ་ཁས་རྒྱུན་མཐུད་མཉམ་ལས་གཏིང་ཟབ་བྱས་ཏེ་རིག་ལྡན་གྲུ་ཁ་དང་ལྗང་མདོག་མཚོ་ཐོག་སྐྱེལ་འདྲེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། འདི་ནི་འཇར་མན་ཧན་པའོ་གྲུ་ཁའི་ཧྥུའུ་ཏི་གྲུ་ཁར་ཀྲུང་གོ་ཐག་རིང་རྒྱ་མཚོ་མཚོ་ཐོག་སྐྱེལ་འདྲེན་གྱི་དོས་སྒམ་གྲུ་གཟིངས་ནས་དངོས་ཟོག་འདོན་འཇུག་བྱེད་བཞིན་པ།

ཆན་ཁེ་གྲུ་ཁས་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། འདི་ནི་ཡུལ་དེ་གའི་ལས་མི་དང་དང་བླངས་པས་ཆན་ཁེ་གྲུ་ཁའི་ཉེ་འགྲམ་གྱི་ཧྲེང་ལུའོ་ཧྲ་འདམ་ར་གཙང་མ་བཟོ་བཞིན་པ།

འདི་ནི་ཐན་ཙན་ནི་ཡའི་སང་ཀེ་པར་གྱི་ཀྲུང་གོའི་མ་འཇོག་མཚོ་སྐྱེས་སྔོ་རིགས་འདེབས་གསོ་རྟེན་གཞིར་ཡུལ་དེ་གའི་ལས་མིས་མཚོ་རྩྭའི་སྐྱེ་འཚར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཕེ་རུའི་ཆན་ཁེ་གྲུ་ཁ་ནི་ཀྲུང་གོ་དང་ཕེ་རུས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་ལ། ཨ་མེ་རི་ཁ་ལྷོ་མའི་རིག་ལྡན་གྲུ་ཁ་དང་པོ་དང་ལྗང་མདོག་གྲུ་ཁ་ཞིག་ཀྱང་རེད། འདི་ནི་ལས་དོན་པས་ཀྲུང་དབྱང་ཚོད་འཛིན་ཁང་གི་ལྟ་སྐུལ་ཚོད་འཛིན་དང་གྲངས་འཛིན་མཚེ་མའི་ལག་རྩལ་ལ་བརྟེན་ནས་གྲུ་ཁར་དུས་ཐོག་ལྟ་ཞིབ་བྱེད་བཞིན་པ།

འདི་ནི་ཀྲུང་གོ་འཛུགས་སྐྲུན་དབུས་ཤར་ཀུང་སིས་སྐྲུན་འགན་འཁུར་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་གླིང་ཕྲན་གྱི་མཚོ་སྒྲོལ་ཟམ་པའི་རྣམ་གྲངས་ཀྱི་ལས་ཡུལ་དུ་ཀྲུང་ཕྱིའི་ཨར་ལས་མི་སྣས་ལག་རྩལ་གྱི་གཙོ་གནད་སྤེལ་རེས་བྱེད་བཞིན་པ།

འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་སུའུ་དབྱི་ཧྲི་མཚོ་ཁུག་གི་ཅེ་ཝ་1.1གི་རླུང་གློག་རྣམ་གྲངས་སྐྲུན་ཡུལ་དུ་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་ལས་དོན་པས་རླུང་འཁོར་དཔྱང་སྒྲིག་མ་བྱས་གོང་གི་གྲ་སྒྲིག་བྱེད་བཞིན་པ།

ཀྲུང་གོ་དང་སི་རི་ལན་ཁའི་མཉམ་འབྲེལ་ཚན་སློབ་ལྟེ་གནས་སུ་ལག་རྩལ་པས་གནམ་གཤིས་ལྟ་དཔྱད་ཚད་འཇལ་གྱི་སྒྲིག་ཆས་ལ་སྲུང་སྐྱོང་བྱས་ཏེ་སི་རི་ལན་ཁའི་མཐའ་འཁོར་མཚོ་ཁོངས་ཀྱི་རྒྱ་མཚོའི་གནམ་གཤིས་ལྟ་དཔྱད་ཚད་ལེན་ལ་དེ་བས་ལེགས་པའི་ཞབས་འདེགས་ཞུ་བཞིན་པ།
མཐའ་ཡས་རྒྱ་མཚོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་འགག་གནས་ཤིག་ཡིན་ལ་ཡངས་ཤིང་རྒྱ་ཆེ་བའི་སྒོ་དབྱེ་མཉམ་ལས་ཀྱི་གར་སྟེགས་ཤིག་ཀྱང་རེད། རིག་ལྡན་གྲུ་ཁ་ནས་རྒྱ་མཚོའི་ཚན་རྩལ་བར་དང་སྔོན་མོའི་བང་མཛོད་ནས་ལྗང་མདོག་ནུས་རྒྱུའི་བར། ལོ་མང་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཡར་ངོའི་ཟླ་ལྟར་འཕེལ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་སྒུལ་ནུས་གསར་པ་བསྣན་ཡོད། སྔོ་ཞིང་དྭངས་བའི་ཞིང་ཁམས་དེ་འཛམ་གླིང་ལ་སྦྲེལ་མཐུད་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་གོ་སྐབས་ཀྱི་རྒྱ་མཚོ་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།