ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་འབོར་དུང་ཕྱུར་སྟོང་ལྷག་ཙམ་ཟིན་པ།
ན་ནིང་ལས་ཉིན་དགུ་ཡིས་སྔ་བ་ཡོད་པ།
རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། ཟླ་6ཚེས་30ཉིན་བར། ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་འབོར་དུང་ཕྱུར་སྟོང་ལྷག་ཙམ་ཟིན་པ་དེ་2025ལོར་དུང་ཕྱུར་སྟོང་ཟིན་པ་ལས་ཉིན་དགུ་ཡིས་སྔ་བ་ཡོད། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་ལས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་བཟང་པོ་མངོན་པ་མཚོན་གྱི་ཡོད་པ་རེད།
ད་ལོ་ཚུན་དུ། རང་རྒྱལ་གྱི་འཛད་སྤྱོད་སྐུལ་སྤེལ་སྲིད་ཇུས་ཁག་རྒྱུན་མཐུད་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པ་དང་། འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་ལེགས་སྒྲིག་བཅས་ཀྱིས་མྱུར་སྐྱེལ་ཁྲོམ་རའི་གཞི་ཁྱོན་ཆེ་རུ་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད།རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔར། ལས་རིགས་ཀྱིས་འཕེལ་རྒྱས་ཀྱི་གཙོ་གནད་དེ་སྤུས་ཚད་ནུས་ལྡན་མཐོར་གཏོང་དང་གྲངས་འབོར་ལུགས་མཐུན་འཕར་བའི་ཐོག་བཞག་ཅིང་། མ་འོངས་པར་འཛད་སྤྱོད་སྐུལ་སྤེལ་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་དང་ལས་རིགས་ཀྱི་འགུལ་ནུས་གསར་པ་རིམ་བཞིན་སྟོབས་ཆེར་འགྲོ་བ་དང་བསྟུན་ནས། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་ཟོག་འགྲུལ་ཁྱབ་ཁོངས་ཀྱི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱས་ནས། དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་རམ་འདེགས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་འགུལ་ནུས་བསྣན་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།