དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞུང་ཨན་ཁུལ་གསར་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐོག་མ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-06

    འདི་ནི་ཟོག་འདྲེན་རླངས་འཁོར་གྱིས་སྐྱེལ་འདྲེན་བྱེད་བཞིན་པ།

    ཟླ་7ཚེས་3ཉིན། རླངས་འཁོར་གྱི་ལྷུ་ལག་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་5ཧོ་པེ་ཞུང་ཨན་ཁུལ་གསར་ནས་ཐོན་ཏེ་གཞུང་ལམ་བརྒྱུད་ཧྲི་ཅ་ཀྲོང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་དབོར་རྗེས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ནང་བླུགས་ནས་ཨུ་རུ་སུའི་མོ་སི་ཁོར་ཐད་ཀར་འབྱོར་རྒྱུ་རེད། ད་ཐེངས་ཀྱི་ལས་སྒོར་ཞུང་ཨན་དུ་དངོས་ཟོག་བསྡུ་རུབ་དང་། གཞུང་ལམ་ནས་ལམ་ཐུང་སྐྱེལ་འདྲེན། མ་ལམ་ནས་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་བཅས་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་སྡུད་འགྲེམས་ཀྱི་སྐྱེལ་འདྲེན་བྱེད་སྟངས་སྤྱད་པ་དེ་ཐོག་ནས་ཞུང་ཨན་ཁུལ་གསར་གྱིས་ས་གནས་དེ་གའི་དངོས་ཟོག་ཀྲུང་གོ་དང་ཡོ་རོབ་ཀྱི་རྒྱལ་སྤྱིའི་ཟོག་འགྲུལ་མ་ལམ་ཐོག་ཤར་གཏོང་ཐུབ་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐོག་མ་བདེ་བླག་ངང་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།