མཚོ་དམག་དམག་གྲུའི་དཔུང་རུ་ཤང་ཀང་དུ་འབྱོར་བ།

འདི་ནི་ཟླ་7ཚེས་2ཉིན། ཀྲུང་གོའི་མཚོ་དམག་གི་ནན་ཉིང་དམག་གྲུ་ཤང་ཀང་ཨང་ཁྲོན་ཀྲོའུ་དམག་སྒར་དུ་སྐྱོད་བཞིན་པ།
ཤང་ཀང་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་29འཁོར་བའི་མཚམས་འདིར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་འཕུར་མདེལ་མཐར་སྐྲོད་ནན་ཉིང་དམག་གྲུ་དང་འཕུར་མདེལ་སྲུང་སྐྱེལ་ཧེང་དབྱང་དམག་གྲུ་ལས་གྲུབ་པའི་མཚོ་དམག་དམག་གྲུའི་དཔུང་རུ་ཡིས་གྲུ་ཐོག་ཐད་འཕུར་གནམ་གྲུ་དང་སྐམ་འཐབ་རུ་ཁག་གི་རུ་མི་བླུགས་ཏེ། ཟླ་7ཚེས་2ཉིན་གྱི་སྔ་དྲོར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་འབྱོར་ནས་དུས་ཡུན་ཉིན་5ཡི་སྒོ་དབྱེའི་ལྟ་སྐོར་དང་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཨང་ཁྲོན་ཀྲོའུ་དམག་སྒར་དུ་དམག་གྲུའི་དཔུང་རུར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
འབྲེལ་ཡོད་གསར་འགྱུར།