དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཞིང་འབྲོག་པས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཞབས་བྲོའི་གར་སྟེགས་སུ་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-06

    ཉེ་ཆར། 2026ལོའི་རྒྱལ་ཡོངས་ཀྱི་མཛེས་མཐུན་གྲོང་གསེབ་ཀྱི་གྲོང་གསེབ་ཞབས་བྲོའི་སྤེལ་རེས་འགྲེམས་འཁྲབ་བྱེད་སྒོ་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཏ་མིང་རྫོང་དུ་སྤེལ་བ་རེད། “སྙན་འཇེབས་འགྱུར་ཁུག་ཁྲོད་ཀྱི་མཛེས་མཐུན་གྲོང་གསེབ། ཞབས་བྲོ་འཁྲབ་ནས་འཚོ་བ་གསར་པར་བསྟོད་པ”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་གྲོང་གསེབ་ཀྱི་མང་ཚོགས་རིག་གནས་ལུས་རྩལ་འདུ་ཚོགས་གཟབ་རྒྱས་དེར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)26གི་གྲོང་གསེབ་ཀྱི་ཞབས་བྲོར་དད་མཁན་རྣམས་ལོ་ངོ་སྟོང་གི་གནའ་གྲོང་དུ་མཉམ་འཛོམས་བྱུང་ཡོད། རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་ཐིང་གིས་སྒྲིག་འཛུགས་བྱས་པའི་ཞིང་འབྲོག་པའི་འཐུས་མི་རུ་ཁག་གིས་ལེ་དབར་སྟོང་གི་ཧོ་པེར་འཁྲབ་སྟོན་བྱས་ནས་ཀྲུང་ཡོན་ས་གཞི་ཆེན་པོར་གངས་ལྗོངས་ས་མཐོའི་བརྩེ་སེམས་ཆེན་པོ་མཚོན་པར་བྱས་པ་རེད།

    འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། ས་མཐོའི་འབྲོག་ཁུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་རྩེར་སོན་གྱི་གར་སྟེགས་འཁྲབ་སྟོན་ལ་བརྟེན་ནས་འདམ་གཞུང་རྫོང་གི་འཐུས་མི་རུ་ཁག་ལ་འགྲན་བསྡུར་ཆེ་མོའི་ཨང་གསུམ་པ་ཐོབ་པ་དང་། བྲག་ཡིབ་ཆུས་ཀྱི་འཐུས་མི་རུ་ཁག་དང་འདམ་གཞུང་རྫོང་གི་འཐུས་མི་རུ་ཁག་གིས་འགྲན་རའི་གུས་ལུགས་ལ་བརྩི་སྲུང་ནན་པོ་ཞུས་ནས་མཐུན་སྒྲིལ་མཛའ་གྲོགས་ངང་འགྲན་བསྡུར་ལ་ཞུགས་པར། ཁག་སོ་སོར“དགའ་པོ་བྱེད་མཁན་མང་ཤོས་ཀྱི་བྱ་དགའ”དང“ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ”ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ལ་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།