དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷུན་གྲུབ་རྫོང་གིས་ཆུ་ལོག་གི་གནོད་འཚེ་སྔོན་འགོག་གི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-06

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་2026ལོའི་ལོ་འཁོར་གྱི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་གི་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ། འབྲུབ་འགོག་ཉེན་སེལ་གྱི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གནོད་འཚེར་འཕྲལ་སྡོམ་ཐག་གཅོད་བྱེད་པའི་དངོས་འཐབ་ཀྱི་འཇོན་ཐང་ཆེ་རུ་བཏང་བ་རེད།

    ད་ཐེངས་ཀྱི་ནང་སྦྱོང་ནི་སྟག་མགོ་ཆུ་མཛོད་ཁུལ་དུ་དྲག་ཆར་བབས་ནས་ཆུ་ཁ་རྒྱས་པ་དང་། ཆུ་རགས་ཀྱི་ཆུ་མི་ཁོག་པ་དང་ཆུ་ལུད་པ་སོགས་ཀྱི་ཐོལ་བྱུང་གནས་ཚུལ་ལ་ལད་ཟློས་ནང་སྦྱོང་བྱས་ནས། ཆུ་ལོག་གི་གནོད་འཚེར་འཕྲལ་སྡོམ་ཐག་གཅོད་བྱེད་པའི་གཡུལ་ས་དངོས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་སླར་གསོ་བྱས་ཡོད་པ་རེད།

    ཉེན་ཁའི་གནས་ཚུལ་ལད་ཟློས་བྱས་རྗེས། ལྷུན་གྲུབ་རྫོང་གིས་འབྲུབ་འགོག་གི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་མགྱོགས་མྱུར་ལག་བསྟར་བྱས་ཏེ། འཕྲལ་མར་གོང་རིམ་སྡེ་ཚན་ལ་ཉེན་ཁ་སྙན་སེང་ཞུས་པ་དང་། གྲོང་ཚོ་རིམ་པའི་ཉེན་ཟོན་སྔོན་བརྡའི་རླུང་འཕྲིན་བརྒྱུད་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་རེད། འཕྲལ་སྡོམ་ལས་དོན་ཚོགས་ཆུང་ཁག་གིས་འཕྲལ་དུ་རུ་མི་བསྡུ་རུབ་དང་རང་འགན་གཙང་སྒྲུབ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་ཚོགས་ཆུང་གིས་ཆུ་ལོག་གི་ཉེན་ཁར་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་བྱེད་པ། ཉེན་སེལ་དཔུང་ཁག་གིས་བྱེ་རྡོ་དང་ས་བླུགས་རྩྭ་རས་དབོར་ནས་ཆུ་མཛོད་ཀྱི་ཆུ་ལུད་པའི་མངོན་མེད་རྐྱེན་ངན་ཧུར་ཐག་བསལ་བ་རེད།

    ནང་སྦྱོང་མཇུག་འགྲིལ་རྗེས། ལྷུན་གྲུབ་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ས་གནས་ས་ཐོག་ཏུ་དཔྱད་བརྗོད་བྱས་ཏེ་ནང་སྦྱོང་ཐད་ཀྱི་མི་འདང་བའི་ཆ་གང་ཡོད་མེད་བསྟན་པ་མ་ཟད། ཚན་པ་ཁག་གིས་འཕྲལ་སྡོམ་སྔོན་ཇུས་ལེགས་སུ་གཏོང་བ་དང་། མཉམ་བཤེར་མཉམ་འགོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཚན་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འབྲུབ་དུས་ཀྱི་སྔོན་འགོག་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།