འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོགས་པ།
ཚེས་2ཉིན། 2026ལོའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་འཛམ་གླིང་གི་རྒུན་ཆང་སྙོལ་མཁན་མཁས་ཅན་ཟངས་རི་རྫོང་ཕག་གྲུ་ཨ་རག་གཞིས་ཀའི་མྱོང་དཔྱད་ཚོགས་འདུ་ཟངས་རིར་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་གྱིས་ཐོན་ཁུལ་འོས་སྦྱོར་དང་། ཆེད་ལས་མྱོང་དཔྱད། ཐོན་ཚོང་འབྲེལ་མཐུད་བཅས་ཀྱི་ལྟེ་བའི་ནང་དོན་ཆེན་པོ་གསུམ་ལ་དམིགས་ཏེ། རྒྱལ་ཁབ་ཕྱི་ནང་གི་རྒུན་ཆང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་ཐོན་ལས་འཁོར་འབྲེལ་གྱི་ལས་དོན་པ་བརྒྱ་གྲངས་ལྷན་དུ་འཛོམས་ནས། ས་བབ་ཆེས་མཐོ་བའི་རྒུན་ཆང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་མཉམ་དུ་འཚོལ་ཞིབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།