དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-06

    ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྔོན་ཐོན་དཔེ་མཚོན་མིག་དཔེར་བཟུང་སྟེ་རང་འཁྲིའི་ལས་གནས་སུ་གཞི་ཚུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    “གཞོན་ནུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གསར་པ་རེད། ཏང་ཡོངས་ཀྱིས་གཞོན་ནུར་མཐོང་ཆེན་དང་། སེམས་ཁུར། རྒྱབ་སྐྱོར་བཅས་བྱས་ནས། གཞོན་ནུ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་ཆ་རྐྱེན་སྐྲུན་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེས་བོད་ལྗོངས་སློབ་ཆེན་དྲིལ་བསྒྲགས་པུའུ་སློབ་གྲྭའི་དུས་དེབ་རྩོམ་སྒྲིག་པུའི་ཀྲུའུ་རེན་གཞོན་པ་ལི་ཡིང་ཧུའེ་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཁོང་གིས། སླད་ཕྱིན་གྱི་ལས་དོན་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་ལེན་པ་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་སྔོན་ཐོན་དང་བསྡུར་བ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཞུགས་ཀྱི་ཡིན་ཞེས་བརྗོད།

    མིག་དཔེའི་སྟོབས་ཤུགས་ཀྱིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རྟེན་འབྲེལ་ཚོགས་ཆེན་ཐོག ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའུ་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ་སྟེ་ཉིང་ཁྲི་གྲོང་ཁྱེར་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་སྒང་ག་གྲོང་ཚོའི་ཡུལ་མི་དབང་འདུས་ནི་གཞི་རིམ་གྱི་ཏང་ཡོན་རྒན་གྲས་ཤིག་ཡིན་ཞིང་། ཁོང་གིས་སྒང་ག་གྲོང་ཚོར་འགྲོ་ལམ་ཡག་པོ་མེད་པ་དང་ཆུ་འདྲེན་དཀའ་བ་ནས་གྲོང་ཚོ་མཛེས་ཤིང་དམངས་རྣམས་ཕྱུག་པོ་ཆགས་པའི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད། ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་རྗེས། ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ཏང་གི་སྣེ་ཁྲིད་འོག མི་སེར་གྱི་འཚོ་བ་ཇེ་སྐྱིད་དུ་འགྲོ་བཞིན་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད་པ་དང་། ཁོང་གིས། ངས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཏེ། ཡུལ་མི་ཚོ་དང་མཉམ་དུ་རང་འགུལ་ངང་མཐའ་མཚམས་སུ་གཞི་ཚུགས་པ་དང་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུར་ཕྱིར་དྲན་གནང་བ་དང་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེར་རྒྱས་བཤད་གཏིང་ཟབ་གནང་ཡོད་སྟབས། གཞི་རིམ་ཏང་འཛུགས་སྐྱོང་དང་རིག་གནས་ཞབས་ཞུའི་ལས་དོན་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད” རིག་གནས་འཐབ་ཕྱོགས་སུ་ལོ་མང་འབད་འཐབ་བྱེད་མྱོང་བའི་ཆབ་མདོ་གྲོང་ཁྱེར་དཔེ་མཛོད་ཁང་གི་ཀོན་ཀྲང་བྱམས་པ་མཐར་ཕྱིན་གྱིས། དཔེ་མཛོད་ཁང་ནི་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་སྔོན་ཐོན་རིག་གནས་བརྒྱུད་བསྒྲགས་བྱེད་སའི་སྐར་ཁུང་གལ་ཆེན་ཞིག་རེད། སླད་ཕྱིན“དམར་མདངས་ཆབ་མདོའི”རིག་གནས་ཐོན་ཁུངས་རྒྱུན་མཐུད་དེ་སྔོག་འདོན་དང་། “སྣག་ཚའི་དྲི་ཞིམ་འཐུལ་བའི་ཆབ་མདོའི”དཔེ་ཀློག་འདུ་ཚོགས་ཀྱི་སྤུས་རྟགས་གཏོད་པ། དམངས་ཡོངས་དཔེ་ཀློག་དང་། དཔེ་རྙིང་སྲུང་སྐྱོང་། གཞི་རིམ་གྱི་སྐོར་སྐྱོད་དཔེ་དེབ་ཞབས་ཞུ་བཅས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད། རིག་དཔལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་གནས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    “ལོ་ངོ་105ཡི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་སྟོབས་དང་ལྡན་པར་གྱུར་ཡོད” “ད་ཆ། རང་རེའི་ཏང་འདི་ཉིད་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཧ་ཅང་ཆེ་བའི་འཛམ་གླིང་གི་སྲིད་འཛིན་ཏང་ཨང་དང་པོར་གྱུར་ནས། མི་དམངས་ཀྱི་སྙིང་དབུས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཡིན་པས། རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ངོ་གནོང་མི་དགོས་པའི་ཏང་ཞིག་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེས་མངའ་རིས་ས་ཨུད་འཆད་ཁྲིད་ཚོགས་པའི་ལས་དོན་པ་དང་ས་ཁུལ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཉི་མ་ཕན་ཐོགས་ལ་ལྕག་སྐུལ་ཆེན་པོ་དང་སེམས་འགུལ་ཚད་མེད་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།