དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕུལ་དུ་བྱུང་བའི་ཁྱད་ཡོན་ནི་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གྱི་འགག་རྩའི་གསང་ཨང་རེད།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-07-06

    འོད་སྟོང་འཕྲོ་བའི་ལོ་རྒྱུས་མི་རྣམས་སྤོབས་སེམས་སྐྱེད་འོས་པ་ཞིག་ཡོད། ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་སེམས་ཀྱི་གསོན་ཤུགས་ནི་དུས་ཡུན་ཇེ་རིང་ནས་ཇེ་རྒྱས་བར་དུ་འགྲོ་ངེས་རེད།

    “ཀྲུང་གོ་གུང་ཁྲན་ཏང་གིས་ལོ་105ཡི་འབད་འཐབ་ཁྲོད་རྒྱུན་ཆད་མེད་པར་འོད་སྟོང་བཏོད་དོན་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པའི་རྩ་བ་ནི་རང་རེའི་ཏང་ལ་སྲིད་ཏང་གཞན་དང་ཆབ་སྲིད་སྟོབས་ཤུགས་གཞན་གྱིས་འགྲན་པར་མི་ནུས་པའི་ཕུལ་བྱུང་ཁྱད་ཡོན་ལྡན་པས་རེད”

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་དྲུག་གི་ཐད་ནས་རང་རེའི་ཏང་གི་ཕུལ་བྱུང་ཁྱད་ཡོན་ལ་ཕྱོགས་སྡོམ་གཏིང་ཟབ་གནང་སྟེ། “དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་ཏང་གི་ཕུལ་བྱུང་ཁྱད་ཡོན་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་བཏང་སྟེ་ཏང་གི་ངོ་བོ་དང་། རང་མདངས། བྲོ་བ་བཅས་ནམ་ཡང་མི་འགྱུར་བར་ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེན་པོ་ལྡན་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙིང་བསྡུས་དང་ཕྱོགས་སྡོམ་གནང་བའི་ཏང་གི་ཕུལ་བྱུང་ཁྱད་ཡོན་ཆེན་པོ་དྲུག་པོ་དེ་དག་ནང་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་དུས་རབས་ཀྱི་ལྟ་བ་ཆེན་པོ་བརྒྱུད་རིམ་ཧྲིལ་པོར་ཁྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་གྱི་འགག་རྩའི་གསང་ཨང་གསལ་སྟོན་གནང་ཡོད་པས། དེ་ནི་རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ཁྱབ་བསྒྲགས་གཏིང་ཟབ་གནང་བ་ཞིག་རེད།

    རང་རེའི་ཏང་གིས་དད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་རྩ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཡོད་པས་རེད།

    རྒྱང་སྐྱོད་བྱེད་རིང་འཚོགས་པའི་ཙུན་དབྱིས་ཚོགས་འདུར“བློ་མཐུན་མའོ་ཙེ་ཏུང་གིས་མཚོན་བྱེད་གཙོ་བོར་གནང་བའི་མར་ཁེ་སི་རིང་ལུགས་ཀྱི་ཡང་དག་པའི་ལམ་ཕྱོགས་དེ་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་གནས་བབ་ཏུ་གཏན་འཁེལ་བྱེད་འགོ་ཚུགས་པ”དེས་ཏང་གིས་རང་ཚུགས་རང་བདག་ངང་ཀྲུང་གོའི་གསར་བརྗེའི་གནད་དོན་དངོས་ཐག་གཅོད་བྱེད་པའི་དུས་མཚམས་གསར་པ་འགོ་བཙུགས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྔ་རྗེས་སུ། ཏང་གིས་བདེན་དོན་གྱི་ཚད་གཞིའི་གནད་དོན་ལ་གྲོས་བསྡུར་ཆེན་པོ་བྱེད་པར་འགོ་ཁྲིད་དང་རྒྱབ་སྐྱོར་བྱས་པ་དང་། ལག་ལེན་དང་དུས་རབས་ཀྱི་ཁྱད་ཆོས་གསར་པར་གཞིགས་ནས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་སོགས་བྱས་ནས། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    ཚན་རིག་དང་མཐུན་པའི་རྣམ་འགྱུར་ལ་བརྟེན་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་བརྩོན་ལེན་བྱེད་དགོས།

    དུས་རབས་གསར་པ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་དང་ངོ་བོར་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་སྙིང་བསྡུས་བྱས་ནས་གྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཐོག་མར་བཏོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་བས་ཁ་གསལ་དང་། སྔར་བས་ཚན་རིག་དང་མཐུན་པ། སྔར་བས་ཚོར་ཐུབ་པ་དང་ལག་ལེན་བསྟར་འཐུས་བཅས་བྱུང་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ལ་མཛུབ་ཁྲིད་བྱས་པས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་འདིར“བསྐྱོད་པ་འགྲིག་པ་དང་བསྐྱོད་ཐུབ་པ་མ་ཟད། ད་དུང་བརྟན་པོ་དང་ཡག་པོ་བསྐྱོད་ཐུབ་ཡོད”

    ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི་མཛུབ་ཁྲིད་འོག རང་རེའི་ཏང་གིས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བས། གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་ཏང་དེ་བས་འགྱུར་མེད་སྟོབས་ལྡན་དུ་གྱུར་ཡོད། དགོངས་པ་དེ་ནི“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གསར་ཤོས་ཤིག་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་གཞི་འཛིན་ས་ཞིག་རེད།

    ད་ཆ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་རབ་ཏུ་རྒྱས་པས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཞིབ་དཔྱད་གང་ལེགས་ཐུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་གང་ལེགས་མངོན་པ། མར་ཁེ་སི་རིང་ལུགས་ཀྱི་སྒོ་དབྱེའི་རང་བཞིན་དང་དུས་རབས་རང་བཞིན་གང་ལེགས་མཚོན་ཡོད།

    རྒྱང་ལམ་གསར་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཏུ་བརྩིས་ནས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་ཟམ་མི་ཆད་པར་བརྒྱབ་ཚེ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་ལས་སྔར་བས་འོད་སྟོང་འཕྲོ་ཐུབ་པ་དང་། བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་རླབས་པོ་ཆེ་འཕེལ་ཐུབ་ངེས་རེད།

    འཐབ་ཇུས་ཀྱི་གནད་དོན་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་གཅིག་གི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད།

    “ཕུགས་ཀྱི་དམིགས་ཚད་དང་དུས་མཚམས་ཀྱི་དམིགས་ཚད་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་བསྟུན་ནས་ལྟེ་བའི་ལས་འགན་གཏན་འཁེལ་བྱེད་པ། ཡང་དག་པའི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་གཏན་འབེབས་དང་ལག་ལེན་བསྟར་བ་བཅས་བྱས་ནས། བྱ་གཞག་འཕེལ་རྒྱས་གཏོང་བའི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས”

    དུས་རབས་གསར་པ་ཚུན་གྱི་ལོ་འདི་དག་ནི་རྒྱུན་གཏན་དང་སྤྱིར་བཏང་ཞིག་གཏན་ནས་མིན། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པའི་འཐབ་ཇུས་གལ་ཆེན་བཏོན་པའི་བར་ང་ཚོའི་འཚོ་གནས་བྱེད་ནུས་དང་། འགྲན་རྩོད་བྱེད་ནུས། འཕེལ་རྒྱས་གཏོང་ནུས། རྒྱུན་མཐུད་བྱེད་ནུས་སོགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འགག་རྩའི་དུས་སྐབས་ཀྱི་འགག་རྩའི་གདམ་ག་རེ་རེ་ལས“འཐབ་ཇུས་ཐད་བརྡར་ཤ་གཅོད་ནུས་གནད་ལ་འཁེལ་བ་དང་། འཐབ་ཇུས་ཐད་ཇུས་འགོད་ཚན་རིག་དང་མཐུན་པ། འཐབ་ཇུས་ཐད་རང་འགུལ་ཡོད་པ་བཅས་བྱུང་ཚེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རེ་བ་ཆེན་པོ་ཡོད་པ”གསལ་འགྲེལ་གཏིང་ཟབ་བྱས་ཡོད།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། “ལོ་ལྔ་ཚན་དང་པོ”ནས“ལོ་ལྔ་ཚན་བཅོ་ལྔ་པའི”བར་རྒྱུན་སྲིང་ལག་བསྟར་བྱས་པའི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ལ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

    ལོ་ལྔའི་འཆར་འགོད་ནི་ཕུགས་ཀྱི་འཐབ་ཇུས་རིམ་པས་དོན་འཁྱོལ་བྱེད་པ་ཞིག་རེད་ལ། ཕུགས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་རེད།

    ལོ་ལྔའི་འཆར་འགོད་ནི་བྱ་གཞག་གི་སྐས་རིམ་ལྟ་བུ་ཡིན་ཞིང་། “གོམ་པ་རེ་རེ་བཞིན་མདུན་དུ་བརྟན་པོར་སྤོས་པ་དང་། དུས་མཚམས་རེ་རེ་བཞིན་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་རྒྱལ་ཁ་ཆུང་བསགས་ཆེ་གྱུར་ཟམ་མི་ཆད་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    བསྐྱོད་ས་ནི་མི་ཡུལ་གྱི་ཡང་དག་པའི་ལམ་བུ་དང་། སྒྲུབ་བཞིན་པ་ནི་དྲང་བདེན་གྱི་བྱ་གཞག ཕྲག་ཏུ་འཁུར་བ་ནི་ལོ་རྒྱུས་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་ལྕི་པོ་བཅས་རེད།

    རྒྱུགས་འབུལ་ལམ་བུ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་གི་ཕུལ་བྱུང་ཁྱད་ཡོན་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ཚེ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཕུལ་དུ་བྱུང་བའི་རྒྱུགས་ལན་དེ་བས་འབུལ་ཐུབ་ངེས་རེད་ལ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་དམིགས་ཚད་ཀྱང་མངོན་འགྱུར་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།