དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱིས《དབང་པོ་སྐྱོན་ཅན་ལ་འགན་སྲུང་དང་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-05

    ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱིས《དབང་པོ་སྐྱོན་ཅན་ལ་འགན་སྲུང་དང་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རང་རྒྱལ་གྱི་དབང་པོ་སྐྱོན་ཅན་ལ་འགན་སྲུང་དང་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་། སྲིད་ཇུས་གལ་ཆེན། གཙོ་གནད་ཞབས་ཞུའི་ལས་གྲྭའི་རྣམ་གྲངས་བཅས་ཁ་གསལ་བཏོན་ཡོད།

    འཆར་འགོད་ནང་། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ། དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་ཞབས་འདེགས་ཞུ་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ཟབ་ཏུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་བྱེད་པ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་འགན་ལེན་ཆ་རྐྱེན་ལེཌ་སུ་གཏོང་བ་སོགས་ཕྱོགས་7ལ་དམིགས་ནས་གཙོ་གནད་ལས་འགན་ཁག་32བཏོན་ཡོད་པ་རེད།

    འཆར་འགོད་ནང་། “བཟོ་ཁང་ཡག་པོ་100”དང་དབང་པོ་སྐྱོན་ཅན་གྱི“བརྩོན་སྐྱེད་སྙན་སྒྲོག་པ་གཙོ་བོ”100ལ་གསར་དུ་རོགས་སྐྱོར་བྱེད་པ་དང་། མི་འབོར་ཁྲི་20ཡན་གྱི་རྫོང(གྲོང་ཁྱེར་དང་། ཆུས། ཆི་བཅས)གིས་ཚད་གཞི་ལོན་པའི་དམིགས་བསལ་སློབ་གསོའི་སློབ་གྲྭ་རེ་གཉེར་བ་དང་མི་འབོར་ཁྲི་20མན་གྱི་རྫོང(གྲོང་ཁྱེར་དང་། ཆུས། ཆི་བཅས)གིས་ཡུལ་བབ་དང་བསྟུན་ནས་དམིགས་བསལ་སློབ་གསོའི་འཛིན་གྲྭ་འཛུགས་པར་རྒྱབ་སྐྱོར་བྱེད་པ། ཆ་རྐྱེན་འཛོམས་པའི་རྒན་གསོའི་སྒྲིག་གཞིའམ་ཡང་ན་ལྟ་སྐྱོང་སྒྲིག་གཞི་གཞན་དག་གིས་ཕ་མ་རྒན་རྒོན་དང་བུ་ཕྲུག་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་མཁན་ཚན་པ་འཛུགས་རྒྱུར་སྐུལ་ལྕག་བྱེད་པ། ལོ་0ནས་6བར་གྱི་བྱིས་པའི་སེམས་སྦུག་དོག་ནད་དབྱེ་བཤེར་དང་ཐེ་ཇུས་ཞབས་ཞུའི་ཚད་གཞི་འཐུས་ཚང་ངང་དོན་འཁྱོལ་བྱེད་པ། དབྱེ་བཤེར་དང་། ནད་དཔྱད། བདེ་ཐང་སླར་གསོ་རོགས་སྐྱོབ་བཅས་ཀྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དུ་གཏོང་བ་བཅས་བྱ་རྒྱུ་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།