དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དབྱར་གསེང་གི་བདེ་འཇགས་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-05

    གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱ་ཆེའི་དགེ་སློབ་རྣམས་བདེ་འཇགས་དང་། བདེ་ཐང་། སྤྲོ་སྣང་བཅས་ལྡན་པའི་དབྱར་གསེང་ཞིག་རོལ་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་གིས《2026ལོའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དབྱར་གསེང་གི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་དེའི་སྐོར་ལ་བཀོད་སྒྲིག་བྱས་པ་རེད།

    བརྡ་ཐོའི་ནང་། ས་གནས་ཁག་དང་སློབ་གྲྭ་ཁག་གིས་བདེ་འཇགས་སློབ་གསོ་དོན་འཁྱོལ་ཏན་ཏིག་བྱས་ཏེ་སློབ་མ་སློབ་གྲྭ་ནས་རང་ཡུལ་དུ་མ་ལོག་གོང་དབྱར་གསེང་གི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཅིག་སྡུད་ཐོག་སྤེལ་ནས་སློབ་མའི་བདེ་འཇགས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། ཁྱིམ་ཚང་སློབ་གསོའི་ཐད་མཛུབ་ཁྲིད་ཡག་པོ་བྱས་ནས་ཁྱིམ་བདག་ལ་ལྟ་སྐྱོང་གི་འགན་འཁྲི་ཏན་ཏིག་སྒྲུབ་དགོས་པའི་དྲན་སྐུལ་བྱེད་པ་དང་དུས་མཚུངས་ཁྱིམ་བདག་ལ་ཕྲུ་གུའི་དབྱར་གསེང་གི་འཚོ་བ་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་སློབ་མར་ངལ་གསོའི་དུས་ཚོད་གང་ལེགས་ཡོད་པར་བྱེད་དགོས། དམིགས་བསལ་ཚོགས་སྤྱིའི་སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་ཐོན་ཁུངས་དང་སྤྱི་པའི་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱེད་པ་དང་། སློབ་མའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། སྤྱི་ཕན་ཀུན་ཕན་དང་དགེ་རྒན་རང་མོས་ཞུགས་པ། ཁྱིམ་བདག་དང་སློབ་མ་རང་མོས་ཞུགས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དབྱར་གསེང་གི་བཅོལ་ཉར་ལས་དོན་ཚད་ལྡན་དང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།